ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བ11པའི་ཚེས22ཉིན་དར་མདོར་ས་འགུལ་ཚབས་ཆེན་ཡོང་བ་ནས་བཟུང་། དར་མདོ་གྲོང་ཁྱེར་གྱིས་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་ཐུགས་ཁུར་རྒྱབ་སྐྱོར་གནང་འོག་དང་། ཁུལ་ཨུ་དང་སྲིད་གཞུང་གིས་སྲ་བརྟན་གྱིས་འགོ་ཁྲིད་བྱས་ཤིང་རྒྱ་ཆེ་བའི་ལས་བྱེད་པ་དང་མང་ཚོགས་ཀྱིས་རམ་འདེགས་ཧུར་ཐག་བྱས་པར་བརྟེན། གནོད་རྗེས་བསྐྱར་འཛུགས་ལས་ཀ་མགྱོགས་པར་སྤེལ་འགོ་ཚུགས་ཤིང་སྐུལ་འདེད་བྱེད་ཤུགས་ཆེ་རུ་བཏང་བ་རེད། ལོ་གསུམ་གྱི་དུས་ཡུན་ནང་དུ་དམིགས་ཚད་ལས་འགན་ཁྱོན་ཡོངས་ནས་གྲུབ་པ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་ས་འགུལ་མ་ཡོང་གོང་ལས་བརྒལ་ཞིང་གནོད་འགོག་གནོད་འཕྲིའི་རོགས་སྐྱོར་ནུས་པ་མཐོར་འདེགས་མངོན་གསལ་ཕྱིན་པར་རྨང་གཞི་སྲ་ཞིང་བརྟན་པ་ཞིག་བཏིང་བ་རེད།

དར་མདོ་གྲོང་ཁྱེར་གྱིས་གནོད་རྗེས་བསྐྱར་འཛུགས་ལས་ཀ་བདེ་བླག་ངང་སྤེལ་བའི་ཆེད་བྱེད་ཐབས་དགུ་སྤྱད་པ་སྟེ། གཅིག་ནི་སྒྲིག་འཛུགས་དང་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་བ་དང་། གཉིས་ནི་འཆར་འགོད་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་བ། གསུམ་ནི་བཟོ་སྐྲུན་རྒྱུ་ཆ་ཆེད་དོན་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་བ། བཞི་ནི་ལག་རྩལ་གྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་བ། ལྔ་ནི་མཉམ་ལས་མཉམ་འཛུགས་བྱེད་ཤུགས་ཆེ་རུ་བཏང་བ། དྲུག་ནི་མཐུན་སྦྱོར་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་བ། བདུན་ནི་མཉམ་འགུལ་ཤུགས་འདོན་ཇེ་ཆེར་བཏང་བ། བརྒྱད་ནི་ཐོན་ལས་ཀྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ། དགུ་ནི་ལྟ་ཞིབ་སྐུལ་སྒྲུབ་བྱེད་ཤུགས་ཆེ་རུ་བཏང་བ་བཅས་རེད།

གྲོང་ཁྱེར་ཡོངས་ཀྱི་གོང་འོག་གིས་ལོ་གཅིག་རིང་ལ་དཀའ་སྤྱད་འབད་འཐབ་བྱས་པར་བརྒྱུད། བསྐྱར་འཛུགས་ལས་ཀར་གྲུབ་འབྲས་རགས་ཙམ་ཐོབ་པ་སྟེ། ཟླ་བ9པའིག་ཚེས30ཉིན་ནས་བཟུང་། དར་མདོ་གྲོང་ཁྱེར་གྱིས་ལས་གཞི152ལས་རིམ་བརྩིས་བྱས་ན་ལས་གཞི151ལས་འགོ་ཚུགས་པ་དང་ལས་ཚད་བརྒྱ་ཆ99.34ལ་ཟིན་ཞིང་། གད་སྙིགས་གཙང་སེལ་བཟོ་གྲྭ་གཅིག་འཛུགས་གྲབས་ཡོད། ཟླ་བ11པའི་ཚེས13ཉིན་བསྡོམས་རྩིས་བྱས་པར་གཞིགས་ན། གྲོང་ཁྱེར་ཡོངས་ཀྱི་ལས་གཞི49ལེགས་གྲུབ་བྱུང་ཞིང་གྲུབ་ཚད་བརྒྱ་ཆ 32.24ལ་ཟིན་པ་དང་། གྲོང་ཁྱེར་ཡོངས་ཀྱི་ལས་གཞིར་མ་དངུལ་སྒོར་ཁྲི 94466.45བཏང་ཞིང་བཏང་ཚད་བརྒྱ་ཆ38.84ལ་ཟིན་པས་ལོ་འཁོར་གྱི་མ་དངུལ་སྒོར་དུང་ཕྱུར8.98བཏང་གྲུབ་བྱ་དགོས་པའི་དམིགས་འབེན་ལས་འགན་ཡོངས་སུ་གྲུབ་པ་རེད། དེའི་ནང་དུ་གྲོང་ཁྱེར་དང་གྲོང་སྡེའི་སྡོད་ཁང་འཛུགས་སྐྲུན་བྱེད་པའི་ལས་གཞིར་མ་དངུལ་སྒོར་ཁྲི72471.90བཏང་གྲུབ་བྱས་ཤིང་། སྤྱི་པའི་ཞབས་ཞུའི་སྒྲིག་ཆས་རིགས་ཀྱི་ལས་གཞི46ལས་མཇུག་བསྒྲིལ་བ་དང་མ་དངུལ་སྒོར་ཁྲི7033.17བཏང་གྲུབ་བྱས་ཡོད། རྨང་གཞིའི་སྒྲིག་ཆས་རིགས་ཀྱི་ལས་གཞི2ལེགས་གྲུབ་བྱུང་ཞིང་མ་དངུལ་སྒོར་ཁྲི7467.38བཏང་གྲུབ་བྱས་ཡོད། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་རིགས་ཀྱི་ལས་གཞིའི་ཐད་མ་དངུལ་སྒོར་ཁྲི4562.00བཏང་གྲུབ་བྱས་ཡོད། ས་གཤིས་གནོད་སྐྱོན་བཅོས་སྐྱོང་རིགས་ཀྱི་ལས་གཞི་གཅིག་ལེགས་གྲུབ་བྱུང་ཞིང་མ་དངུལ་སྒོར་ཁྲི2932.00བཏང་གྲུབ་བྱས་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

དབྱར་དུས་ཀྱི་གྱ་གྱུ་ལའི་མཛེས་ལྗོངས།

ལྔ་པའི་ཚེས་ལྔའི་དུས་ཆེན་སྐབས་སུ་དམར་ཐང་རྫོང་གིས་གནས་སྐོར་པ་མི་ཐེངས5130ལ་སྣེ་ལེན་བྱས་པ།

རྔ་བ་རྫོང་གིས་སྤྱི་ཚོགས་འགན་སྲུང་དང་འཕྲོད་བསྟེན་འདྲི་རྟོག་བྱ་འགུལ་སྤེལ་བ།

རིག་གནས་འཁྲབ་སྟོན་རླངས་འཁོར་དཀར་མཛེས་སུ་ཕྱིན་ནས་འཚམས་འདྲི་འཁྲབ་སྟོན་བྱས་པ།

རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་རྔ་བ་རྫོང་གིས་དབུལ་ཕོངས་དབང་པོ་སྐྱོན་ཅན་བརྒྱད་ཅུ་ལ་འཁོར་ཁྲིའུ་བྱིན་པ།