ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཞིང་ཆེན་ཏང་ཨུས་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་གྱི་འཐུས་མིས་བརྟག་དཔྱད་ཞིབ་འཇུག་དང་གཟིགས་ཞིབ་གནང་བ་རྩ་འཛུགས་བྱེད་རྒྱུའི་བརྡ་ཐོ་ལྟར་རང་ཁུལ་གྱིས་ཁུལ་ནང་གི་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་གྱི་འཐུས་མི་རྣམས་རྩ་འཛུགས་བྱས་ཏེ་སྙན་སེང་གསན་པ་དང་འཕྲད་འདྲི་མཛད་པ། བཞུགས་མོལ་གནང་བ། ཡུལ་དངོས་སུ་རྟོག་ཞིབ་གནང་བ་བཅས་ཀྱི་སྒོ་ནས་དར་མདོ་དང་ལྕགས་ཟམ་ས་གནས་གཉིས་ལ་བརྟག་དཔྱད་ཞིབ་འཇུག་དང་གཟིགས་ཞིབ་གནང་བ་རེད།  འཐུས་མི་ཚོས་སྔོན་རྗེས་སུ་ལྕགས་ཟམ་རྫོང་གི་རི་མཇུག་གྲོང་རྡལ་གྱི་ཞིང་ལས་ཐོན་རྫས་ལས་སྣོན་ལྡུམ་ཁུལ་དང་གངས་དཀར་རི་བོའི་ཡུལ་ཕྱོགས་ཀྱི་ཞག་སྡོད་ལམ་ལུགས་སློབ་གྲྭ སྡེ་དབུས་ཤང་ཆུ་འཁོར་གསར་པའི་གྲོང་སྡེ། མཚོ་གཉིས་ཤང་གི་གསེར་བྱ་ཐང་གྲོང་སྡེ་སོགས་ལ་ཕྱིན་ནས་ཞིང་ལས་ཐོན་རྫས་ལས་སྣོན་དང་ཞིང་སྡེ་གསར་པའི་འཛུགས་སྐྲུན། ཤང་དང་གྲོང་སྡེའི་ཡུལ་སྐོར་འཕེལ་རྒྱས་གཏོང་ཚུལ་སོགས་ཀྱི་ཐད་ལ་ཡུལ་དངོས་སུ་བརྟག་དཔྱད་ཞིབ་འཇུག་གནང་བར་མ་ཟད། ད་དུང་དར་མདོ་གྲོང་ཁྱེར་དུ་བཞུགས་མོལ་གནང་བ་རེད། འཐུས་མི་ཚོས་ས་གནས་གཉིས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་གྲོང་རྡལ་ཅན་འཛུགས་སྐྲུན། ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་སོགས་ཀྱི་ཐད་ལ་བསམ་འཆར་དང་གྲོས་གཞི་བཏོན་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

དབྱར་དུས་ཀྱི་གྱ་གྱུ་ལའི་མཛེས་ལྗོངས།

ལྔ་པའི་ཚེས་ལྔའི་དུས་ཆེན་སྐབས་སུ་དམར་ཐང་རྫོང་གིས་གནས་སྐོར་པ་མི་ཐེངས5130ལ་སྣེ་ལེན་བྱས་པ།

རྔ་བ་རྫོང་གིས་སྤྱི་ཚོགས་འགན་སྲུང་དང་འཕྲོད་བསྟེན་འདྲི་རྟོག་བྱ་འགུལ་སྤེལ་བ།

རིག་གནས་འཁྲབ་སྟོན་རླངས་འཁོར་དཀར་མཛེས་སུ་ཕྱིན་ནས་འཚམས་འདྲི་འཁྲབ་སྟོན་བྱས་པ།

རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་རྔ་བ་རྫོང་གིས་དབུལ་ཕོངས་དབང་པོ་སྐྱོན་ཅན་བརྒྱད་ཅུ་ལ་འཁོར་ཁྲིའུ་བྱིན་པ།