མདོ་དབུས་མཐོ་སྒང་གི་རྒྱུན་བསྲིང་རང་བཞིན་འཕེལ་རྒྱས་ཀྱི་ཞིབ་འཇུག་གླེང་སྟེགས་ཐོག་མ་ལྷོ་ནུབ་མི་རིགས་སློབ་ཆེན་དུ་འཚོགས།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ11པའི་ཚེས28ཉིན། མདོ་དབུས་མཐོ་སྒང་གི་རྒྱུན་བསྲིང་རང་བཞིན་འཕེལ་རྒྱས་ཀྱི་ཞིབ་འཇུག་གླེང་སྟེགས་ཐོག་མ་དེ་ལྷོ་ནུབ་མི་རིགས་སློབ་ཆེན་དུ་འཚོགས་ཤིང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་འགན་འཛིན་གཞོན་པ་ལྷུན་གྲུབ་རྡོ་རྗེ་དང་། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་པན་ཅིན། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སློབ་གཙོ་གཞོན་པ་ཤེས་རབ་ཉི་མ། ཡུན་ནན་མི་རིགས་སློབ་ཆེན་གྱི་སློབ་གཙོ་གཞོན་པ་ཝང་ཏེ་ཆང་སོགས་སློབ་ཆེན་ཁག་དང་། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་སོགས་ནས་ཕེབས་པའི་འགོ་ཁྲིད་དང་ཆེད་ལས་མཁས་པ་གླེང་སྟེགས་ཀྱི་མཛད་སྒོར་ཞུགས། །
རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།