མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

དཀར་མཛེས་ཁུལ་ཉག་ཆུ་རྫོང་གི་མཚན་མོའི་བོད་ཡིག་གསོ་སྦྱོང་འཛིན་གྲྭ་འཚོགས་འགོ་ཚུགས།

  ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བ།  2014-11-30 09:55

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་དཀར་མཛེས་ཁུལ་ཉག་ཆུ་རྫོང་གི་བོད་ཡིག་ཁ་སྐད་གསོ་སྦྱོང་འཛིན་གྲྭ་དངོས་སུ་འཚོགས་འགོ་ཚུགས་ཤིང་། རྫོང་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། ཞིང་འབྲོག་ཚན་རྩལ་ཅུས། དམངས་སྲིད་ཅུས་སོགས་ལས་ཁུངས་ཁག་གིས་ལོ་ན45མན་གྱི་བོད་སྐད་མི་ཤེས་པའི་གཞུང་གི་ལས་སྒྲུབ་པ་དང་དབྱི་པིང་ནས་ཡོང་བའི་བོད་ཁུལ་དུ་རོགས་སྐྱོར་པ་སོགས་ཁྱོན་མི120ཐེངས་འདིའི་གསོ་སྦྱོང་འཛིན་གྲྭར་ཞུགས་ཡོད་པ་དང་། དུས་མཚུངས་སུ་རྫོང་རིམ་པའི་ལས་ཁུངས་དང་ཤང་དང་གྲོང་བརྡལ་སོགས་ནས་མཚན་མོའི་གསོ་སྦྱོང་འཛིན་གྲྭ་གང་མང་སྒྲུབ་བཞིན།མཚན་མོའི་གསོ་སྦྱོང་གི་རྣམ་པ་ཞིག་ངང་གིས་ཆགས་ཤིང་སློབ་སྦྱོང་གི་ཚ་རླབས་མཐོན་པོ་ཞིག་འཕྱུར་པའི་སྒང་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག