མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

འགུལ་འགོག་གནོད་སེལ་གྱི་སྐབས་སུ་དར་མདོའི་སྔོ་ཚལ་འཚོང་མཁན་གྱིས་རང་ཤུགས་ཀྱིས་སྔོ་ཚལ་རིན་གོང་ཕབ།

  ཡོང་ཁུངས། ཁམས་པའི་དྲ་བ།  2014-11-28 10:28

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས23ཉིན་གྱི་སྔ་དྲོར། གསར་འགོད་པས་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དར་མདོ་རྫོང་དམག་དཔོན་ཟམ་པའི་ཞིང་ལས་ཉོ་ཚོང་ཚོང་ར་ནས་ཤེས་རྟོགས་བྱུང་དོན། ཟླ11པའི་ཚེས22ཉིན་ལ་ས་འགུལ་བྱུང་རྗེས་འགུལ་འགོག་གནོད་སྐྱོབ་ཀྱི་ལས་ཀར་རྒྱབ་སྐྱོར་བྱེད་ཆེད། ཚལ་འདེབས་མཁན་གྱི་ཞིང་པས་རང་ཤུགས་ཀྱིས་སྔོ་ཚལ་དང་ཕག་ཤའི་རིན་གོང་ཚད་མི་འདྲ་བར་མར་ཕབ་པ་མ་ཟད། སྔོ་ཚལ་འགའ་ཤས་ཀྱི་རིན་གོང་ཉེ་བའི་ལོ་ཤས་རིང་གི་ཆེས་དམའ་ཤོས་ཀྱི་ཆུ་ཚད་ཐོག་སླེབས་པ་རེད།

དེའི་ནང་ཕག་ཤ་རྒྱ་མ་གང་ལ་སྒོར0.5མར་ཕབ་པ་དང་། རི་སྐྱེས་སྔོ་ཚལ་དེ་སྔར་རྒྱ་མ་གང་ལ་སྒོར3.5ཡིན་པ་དང་ད་ལྟར་རྒྱ་མ་གང་ལ་སྒོར2.5ཡིན་པས་སྒོར1.0མར་ཕབ་ཡོད། སྔོན་མ་སི་པན་རྒྱ་མ་གང་ལ་སྒོར4.0ཡིན་པ་དང་ད་ལྟར་སྒོར2.5ཡིན་པས་སྒོར1.5མར་ཕབ་པ་དང་། སྔོན་མ་གླང་རྔ་རྒྱ་མ་གང་ལ་སྒོར3.0ཡིན་པ་དང་ད་ལྟར་སྒོར2.0ཡིན་པས་སྒོར1.0མར་ཕབ་ཡོད། སྔོན་མ་ལྕ་ཚལ་རྒྱ་མ་གང་ལ་སྒོར4.5ཡིན་པ་དང་ད་ལྟར་སྒོར3.5ཡིན་པས་སྒོར1.0མར་ཕབ་པ། སྔོན་མ་ཞོག་རྒོད་རྒྱ་མ་གང་ལ་སྒོར7.0ཡིན་པ་དང་ད་ལྟར་སྒོར5.0ཡིན་པས་སྒོར2.0མར་ཕབ་པ་རེད།

ཞིང་ལས་ཉོ་ཚོང་ཚོང་རའི་ཚལ་འདེབས་ཞིང་པ་ཝང་ཞའོ་ཕིང་གིས་སྨྱུག་འཛིན་པ་ལ་ས་འགུལ་དེ་རང་བྱུང་གནོད་སྐྱོན་ཡིན་པ་མ་ཟད་མིའི་ནུས་ཤུགས་ཀྱིས་ཚོད་འཛིན་བྱེད་ཐབས་མེད།ང་ཚོས་གནོད་ཐེབས་ས་ཁུལ་གྱི་མི་དམངས་ལ་རང་ཉིད་ཀྱི་ནུས་པ་ཅུང་འབུལ་དགོས་པ་རེད། རིན་གོང་མར་ཕབ་པ་ཅུང་ཉུང་ནའང་གནོད་སྐྱོན་ཐེབས་ཁུལ་གྱི་མི་དམངས་ལ་དཔལ་འབྱོར་ཁུར་པོ་ཡང་ཙམ་གཏོང་ཐུབ་ན་སེམས་སྐྱིད་པོ་འདུག་ཅེས་བཤད་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག