མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

དཀར་མཛེས་ཁུལ་གྱི་ཁུལ་དཔོན་ཡེ་ཤེས་ཟླ་བ་གནོད་ཐེབས་ས་ཁུལ་གྱི་གནོད་ཐེབས་མི་སེར་ལ་ལྟ་རུ་ཕེབས།

  ཡོང་ཁུངས། ཁམས་པའི་དྲ་བ།  2014-11-28 10:27

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དར་མདོ་ས་ཁུལ་དུ11.22ས་འགུལ་གྱི་དོན་རྐྱེན་བྱུང་བ་དང་། ཚེས25ཉིན་གྱི་མཚན་མོའི་དུས་ཚོད11དང་སྐར་མ19ཡི་ཐོག་ཏུ་སླར་ཡང་ཚད་རིམ་པ5.8ཀྱི་ས་འགུལ་གྱི་དོན་རྐྱེན་བྱུང་བས་ཁུལ་དཔོན་ཡེ་ཤེས་ཟླ་བས་བཀོད་སྒྲིག་འོག་ཚེས26ཉིན་གྱི་ཞོགས་པར། ཁུལ་དཔོན་ཡེ་ཤེས་ཟླ་བ་ལ་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་དང་ཁུལ་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་སོགས་ཀྱིས་ཕེབས་རོགས་བྱས་ཏེ། སླར་ཡང་དར་མདོ་གྲོང་བརྡལ་གྱི་ཟུར་རི་ཕུག་དང་། རྟའུ་རྫོང་དཔལ་སྨད་གྲོང་བརྡལ་གྱི་གནོད་ཐེབས་ས་ཁུལ་གྲོང་འགོ་སྡེ་བ་སོགས་སུ་ཕེབས་ཏེ་གནོད་ཐེབས་ཡུལ་དངོས་ལ་བཀོད་འདོམས་དང་། གནོད་ཐེབས་མི་དམངས་ལ་འཚམས་འདྲི་ཞུས་པ་རེད། ཟུར་རི་ཕུག་ཏུ་དང་དཔལ་སྨད་གྲོང་འགོ་སོགས་གནོད་ཐེབས་ས་ཁུལ་གྱི་ཡུལ་དངོས་སུ་གཟིགས་ཞིབ་གནང་སྐབས་ཁོང་གིས་མི་སེར་རྣམས་ལ་གསུངས་དོན། ཁྱོད་ཚོ་སེམས་ཁྲལ་མི་དགོས་ལ་ཏང་དང་སྲིད་གཞུང་གིས་ཁྱོད་ཚོ་དཀའ་ཁག་ཀུན་སེལ་དུ་འཇུག་ཆོག་པ་མ་ཟད་རྒྱུ་ནོར་གྱི་གྱོང་གུན་ལའང་ཁ་གསབ་རོགས་སྐྱོར་ཡོད་པས་ཅིས་ཀྱང་སེམས་ཁྲལ་བྱེད་མི་དགོས་ཞེས་གསུངས་བ་དང་། རྫོང་སོ་སོའི་ཏང་ཡོན་ལས་བྱེད་པ་རྣམས་ཀྱིས་ངེས་པར་དུ་གནོད་ཐེབས་མི་སེར་དག་ལ་ཉེར་མཁོའི་ཅ་ལག་ཅི་མགྱོགས་ཀྱིས་མཁོ་འདོན་བྱེད་དགོས་པའི་ཐུགས་རེ་གནང་བ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག