མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

མི་ཉག་རྫོགས་ཆེན་སློབ་གྲྭས་གནས་སྐབས་སྤྱོད་པའི་ཁང་བ་བསྐྲུན་ཏེ་ཚེས28ཉིན་སློབ་ཁྲིད་ཀྱི་རྒྱུན་བསྐྱང་རྒྱུ་རེད།

  ཡོང་ཁུངས། ཁམས་པའི་དྲ་བ།  2014-11-28 10:27

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ11པའི་ཚེས22དང་ཚེས25ཉིན་གཉིས་ལ་ས་འགུལ་ཐེངས་གཉིས་ལ་བྱུང་བས་དཀར་མཛེས་ཁུལ་གྱི་སློབ་གསོའི་ལས་ཀ་ལའང་དཀའ་ཁག་མི་ཉུང་བ་ཕྲད་པ་མ་ཟད། གནོད་ཐེབས་ས་ཁུལ་གྱི་སློབ་གྲྭ་འགའ་རེའི་སློབ་ཁྲིད་ཐོག་ཁང་སོགས་ལ་གནོད་སྐྱོན་ཚབས་ཆེན་ཐེབས་ཡོད་པ་དང་།གནོད་ཐེབས་སློབ་གྲྭ་དེ་དག་གི་སློབ་ཁྲིད་ཐོག་ཁང་ལ་འཛུགས་སྐྲུན་ཆེད་མཁས་པས་ཉེན་མེད་ཁག་ཐེག་གིས་བཀོད་འདོམས་འོག་ཟླ12པའི་ཚེས1ཉིན་སློབ་ཁྲིད་ཀྱི་རྒྱུན་བསྐྱང་རྒྱུ་ཡིན་ལ། མི་ཉག་རྫོགས་ཆེན་སློབ་གྲྭའི་ལོ་རིམ་དགུ་པ༼དམའ་འབྲིང་གསུམ་པའི༽ཁྱོན་བསྡོམས་སློབ་མ237ལ་སློབ་གྲྭའི་རྩྭ་ཐང་ནས་སློབ་ཁང་གི་ཚབ་ཏུ་གནས་སྐབས་སྤྱོད་ཆོག་པའི་ཁང་བ་བསྐྲུན་ཏེ་ཚེས28ཉིན་དངོས་སུ་སློབ་ཁྲིད་ཀྱི་རྒྱུན་བསྐྱང་ཐུབ་རྒྱུ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག