མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

འབའ་ཐང་རིག་རྩལ་འཁྲབ་སྟོན་རུ་ཁག་གིས་མཉམ་དུ་འཁྲབ་སྟོན་བྱས་ཏེ་མི་རིགས་མཐུན་སྒྲིལ་དང་གསར་སྐྲུན་གོང་འཕེལ་ལ་སྐུལ་འདེད་བཏང་།

  ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བ།  2014-11-01 12:36

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ10པའི་ཚེས28ཉིན། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་ཞི་མཐུན་གྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་པའི་ཆེད་དུ། འབའ་ཐང་རྫོང་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་གོང་འཕེལ་བྱ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་། ཉིན་དེར། རྫོང་དྲིལ་བསྒྲགས་པུའུ་དང་རྫོང་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ཁང་། རྫོང་རིག་གནས་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་དང་ལུས་རྩལ་ཅུས་བཅས་ཀྱིས་གཙོ་སྒྲུབ་བྱས་ཤིང་། རྫོང་སློབ་འབྲིང་གིས་བསྒྲུབ་པའི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་རྒྱས་དཔེ་སྟོན་རྫོང་ཞེས་པ་དང་། སྐབས་བཞི་པའི་རིག་གནས་སྒྱུ་རྩལ་དུས་ཆེན་ཞེས་པའི་བྱེད་སྒོ་དེ་སློབ་གྲྭ་འདིའི་ལུས་རྩལ་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས་པ་དང་། སློབ་གྲྭའི་དགེ་སློབ་ཡོངས་བྱེད་སྒོའི་ནང་ཞུགས་ཡོད།

ཕན་ཚུན་ལག་རྡང་སྦྲེལ་ནས་མི་རིགས་མཐུན་ཡར་རྒྱས་དཔེ་སྟོན་རྫོང་གསར་འཛུགས་བྱེད་པ་དང་། ཕན་ཚུན་སེམས་པ་སྦྲེལ་ནས་སློབ་རའི་ཞི་མཐུན་གྱི་རྣམ་པ་འཁྱབ་སྟོན་བྱེད་ཅེས་པ་ཐེངས་འདིའི་བྱེད་སྒོའི་བརྗོད་དོན་གཙོ་བོ་ཡིན་འདུག བོད་ཀྱི་སྐོར་བྲོ་འཁྲབ་སྟོན་བྱས་ཤིང་། སྙན་འཇེབས་རོལ་དབྱངས་ཁྲོད་དུ་ལྡེམ་མྱུར་ལྡན་པའི་ཞབས་བྲོ་འཁྲབ་བཞིན་རིག་རྩལ་བྱེད་སྒོའི་འགོ་བརྩམས་སོང་། འཁྲབ་སྟོན་པ་དག་གིས་བོད་ལྭ་གྱོན་ཞིང་གླུ་ལེན་གར་རྩེད་བྱས་ཏེ་འཁྲབ་སྟོན་གྱི་ཡོ་ལང་རབ་ཏུ་ཕྱེས་པ་དང་བསྟུན་ནས་ལྟད་མོ་བ་ཀུན་གྱིས་དགའ་བསུའི་ཐལ་མོ་རྡེབ་སྒྲ་རྒྱུན་མི་ཆད། རིག་རྩལ་འཁྲབ་སྟོན་དུ་སློབ་མ་ཁོངས་གཏོགས་ཀྱི་ལོ་རིམ་དང་། དགེ་རྒན་ཁོངས་གཏོགས་ཀྱི་སློབ་དཔྱོད་ཁང་གི་རུ་ཁག་བགོས་ཏེ། ལོ་རིམ་སོ་སོ་དང་སློབ་དཔྱོད་ཁང་སོ་སོས་རང་རང་གི་ཁྱད་ཆོས་ལྡན་པའི་འཁྲབ་སྟོན་བྱས། ལྷག་པར་བསྒྲུབ་མི་ཐུབ་ཅེས་པའི་གླུ་དབྱངས་དེས། སློབ་མ་ཕོ་མོ་གཉིས་ཀྱི་སློབ་གཉེར་དུས་སྐབས་ཀྱི་བསམ་བློ་དང་མ་འོངས་པའི་བདེ་སྐྱིད་འཚོ་བར་རེ་སྨོན་བྱས་པ་མངོན་པར་མཚོན་ཡོད་པས་ཤིན་ཏུ་ལེགས།   །

引题图片

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག