མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

སྤྱང་ཀི་གྲོང་དུ་རྐང་འཁོར་ལྗོངས་རྒྱུ་བ་ལ་སྣེ་ལེན་བྱེད་སའི་ས་ཚུགས་ཤིག་འདུག

  ཡོང་ཁུངས། ཁམས་པའི་དྲ་བ།  2014-10-25 10:30

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཉག་ཆུ་རྫོང་གི་ཆུ་ཁ་ཤང་སྤྱང་ཀི་གྲོང་གི་ཨ་སྐྲུ་མའི་རྐང་འཁོར་ལྗོངས་རྒྱུ་བར་སྣེ་ལེན་བྱེད་ཁང་དུ་ལྗོངས་རྒྱུ་འགྲུལ་པ་ཚོས་དྲོ་ཞིམ་གྱི་ཇ་འཐུང་ཞོར་མི་ཉག་ཡུལ་སྲོལ་དང་རིག་གནས་ལ་མྱོང་རོལ་བྱེད་བཞིན་འདུགརྐང་འཁོར་ལྗོངས་རྒྱུ་བའི་སྣེ་ལེན་ཁང་གི་བདག་པོ་ཨ་སྐྲུ་མས་རྒྱུན་དུ་ལྗོངས་རྒྱུ་བ་སྣེ་ལེན་བྱེད་པར་བྲེལ།ཁོ་ཡིས་དགའ་སྤྲོ་ཆེན་མོའི་ངང་ནས་སྔོན་མར་ལོ་གཅིག་གི་ཞིང་ལས་ཡོང་འབབ་ཉུང་ཉུང་ཞིག་ལས་མེད།ད་ལོར་རྐང་འཁོར་སྣེ་ལེན་ཁང་བཙུགས་ནས་ཡོང་འབབ་སྒོར་ཁྲི20ཐོག་སླེབས་པས།སྔོན་མའི་ལོ་ཁ་ཤས་ཀྱི་ཡོང་འབབ་བསྡོམས་འབོར་རེད་ཅེས་བཤད།

ཉག་ཆུ་རྫོང་གིས་ས་ཁོངས་ཡོངས་སུ་ལྗོངས་རྒྱུ་འཕེལ་རྒྱས་གཏོང་རྒྱུའི་འཐབ་ཇུས་ལ་དམིགས་ནས་ཚན་རིག་དང་མཐུན་པའི་འཆར་འགོད་དང་ཐོན་ལས་ཀྱིས་རྒྱབ་རྟེན་བྱ་རྒྱུར་དོ་ཁུར་བྱས་ལ་སྲོལ་རྒྱུན་གྱི་རིག་གནས་རྒྱུན་འཛིན་བྱེད་ཅིང་དེང་རབས་ཀྱི་རྒྱུ་ཆ་འདྲེས་པ་བཅས་བྱས་ཏེ་གྲོང་སྡེ་གསར་པ་དེ་མཛེས་ལྗོངས་དང་གྲོང་སྡེ་ཕུང་པོ་གཅིག་ཏུ་སྦྲེལ་བའི་ལྗོངས་རྒྱུ་དམིགས་ས་ཞིག་སྐྲུན་པ་དང་སྡོད་འོས་ལ་ལྗོངས་རྒྱུ་ལས་རིགས་སྤེལ་འོས་པའི་མཐོ་སྒང་གི་གྲོང་རྡལ་གསར་པ་ཞིག་བསྐྲུན་དང་སྐྲུན་བཞིན་ཡོད།

མིག་སྔར་རི་རྒྱུད་གྲོང་དེ་གྲོང་སྡེའི་མགྲོན་ཁང་ལྟེ་གནས་བྱས་ཏེ་མི་ཉག་རིག་གནས་ཀྱིས་ནང་དོན་གཙོ་བོར་བྱས་པའི་རང་གཏོང་རྐང་འཁོར་ལྗོངས་རྒྱུ་བར་སྣེ་ལེན་བྱེད་སའི་ས་ཚུགས་སུ་བསྐྲུན་པ་རེད།ཟླ་བ9པའི་ཟླ་མཇུག་ལ་སླེབས་དུས།ཁྱོན་བསྡོམས་མ་དངུལ་སྒོར་ཁྲི1500ལྷག་ཙམ་བཏང་སྟེ་རི་རྒྱུད་གྲོང་སྡེའི་ཚོ་དང་པོའི་གྲོང་སྡེའི་མགྲོན་ཁང་དཔེ་སྟོན་དུད་ཚང13བཙུགས་པ་དང་རྨང་གཞིའི་སྒྲིག་ཆས་ཆ་ཚང་བསྒྲིགས་ལ་ཞིང་མུའུ300ནང་ཐོན་མཐོའི་མ་རྨོས་ལོ་ཏོག་དང་ཉི་མ་འབྲས་བུ་འདྲེས་འདེབས་བྱས་ཤིང་སྤུས་ལེགས་ཞོག་ཁོག་མུའུ200བཏབ་པ་རེད།

ཉེ་བའི་ལོ་ཤས་རིང་ལ་ཉག་ཆུ་རྫོང་གིས་སྤྱང་ཀི་གྲོང་གི་ས་བབ་མཐུན་རྐྱེན་དང་རྐང་འཁོར་བཞོན་ནས་ལྗོངས་རྒྱུ་འགྲོ་བའི་གོམས་སྲོལ་ལ་བརྟེན་ནས་སྔོན་རྗེས་སུ་མ་དངུལ་སྒོར་ཁྲི1000ལྷག་ཙམ་བཏང་སྟེ་ཞིང་སྡེ་ཡོངས་ཀྱི་ཞིང་པའི་སྡོད་ཁང་གསུམ་བཅོས་གཅིག་འཛུགས་ཀྱི་ལས་ཀ་གྲུབ་པ་དང་ཡུལ་དམངས་སྣེ་ལེན་དུད་ཚང20ལྷག་ཙམ་གསོ་སྐྱོང་བྱས་པ་རེད།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག