མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

དཀར་མཛེས་ཁུལ་གྱིས་ནགས་ལས་ཀྱི་གནོད་ལྡན་སྐྱེ་དངོས་ལ་ཡོངས་ཁྱབ་ཞིབ་བཤེར་བྱེད་འགོ་ཚུགས།

  ཡོང་ཁུངས། ཁམས་པའི་དྲ་བ།  2014-10-14 10:06

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ནགས་ལས་ཀྱི་གནོད་ལྡན་སྐྱེ་དངོས་ལ་ཡོངས་ཁྱབ་ཞིབ་བཤེར་གྱི་ལས་ཀ་བདེ་བླག་ངང་སྐུལ་འདེད་གཏོང་བ་དང་། ཁྱོན་ཡོངས་ནས་དཀར་མཛེས་ཁུལ་གྱི་ནགས་ལས་ཀྱི་གནོད་ལྡན་སྐྱེ་དངོས་ཀྱི་ད་ཡོད་གནས་ཚུལ་ཤེས་རྟོགས་བྱས་ཏེ་ཚན་རིག་དང་མཐུན་པའི་འགོག་བཅོས་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་དགོས་མཁོ་སྐོང་ཐུབ་པའི་ཆེད་དུ། ཉེ་ཆར། རང་ཁུལ་གྱིས་ཁུལ་ཡོངས་ཀྱི་ནགས་ལས་ཀྱི་གནོད་ལྡན་སྐྱེ་དངོས་ཀྱི་ལས་ཀ་སྤེལ་རྒྱུར་བཀོད་སྒྲིག་བྱས་ནས། ཁུལ་དང་རྫོང(ནགས་ལས་བཟོ་ལས་ཅུས)ནགས་ལས་ཅུས་ཀྱིས་གནོད་ལྡན་སྐྱེ་དངོས་ཡོངས་ཁྱབ་ཞིབ་བཤེར་བྱེད་པའི་ཁྲོད་ཀྱི་འགན་འཁྲི་དངོས་ལ་ལས་བགོས་ཞིབ་ཕྲ་བྱས་པ་དང་། ཁུལ་ནས་རྫོང་བར་རིམ་པ་རེ་རེ་བཞིན་འགོ་ཁྲིད་ཀྱིས་ཚོ་དཔོན་བྱས་པ་དང་། འབྲེལ་ཡོད་འགན་ཁུར་མི་སྣས་གྲུབ་མི་བྱས་པའི་འགོ་ཁྲིད་ཚོ་ཆུང་བཙུགས་ནས། ས་ཁོངས་དེའི་ཡོངས་ཁྱབ་ཞིབ་བཤེར་སོགས་ཀྱི་ལས་ཀ་ལག་བསྟར་བྱ་རྒྱུའི་འགན་ཁུར་བ་དང་ཡོངས་ཁྱབ་ཞིབ་བཤེར་གྱི་ལས་ཀ་དེ་དུས་རིམ་གསུམ་དུ་བགོ་རྒྱུ་ཐག་གཅོད་བྱས་ཡོད་དེ། གྲ་སྒྲིག་ལག་བསྟར་གྱི་དུས་རིམ་དང་། ཡོངས་ཁྱབ་ཏུ་ལག་བསྟར་བྱེད་པའི་དུས་རིམ། ཕྱོགས་བསྡུས་དཔྱད་བསྡུར་ཚོད་དཔག་གི་དུས་རིམ་བཅས་འདུས་སོ། ཡོངས་ཁྱབ་ཞིབ་བཤེར་བྱས་པར་བརྒྱུད་ནས་རིམ་པ་ཁག་གི་ནགས་ལས་ཀྱི་གནོད་ལྡན་སྐྱེ་དངོས་ཀྱི་རིགས་དང་། ཁྱབ་ཚུལ། གཞི་ཁྱོན་བཅས་དང་། གནོད་སྐྱོན་ཐེབས་ཚད་ཀྱི་གསལ་བཀོད་རེའུ་མིག་དང་ནགས་ལས་ཀྱི་གནོད་ལྡན་སྐྱེ་དངོས་ཁྱབ་ཚུལ་གྱི་དཔེ་རིས་སོགས་བཟོ་འགོད་བྱེད་པ་དང་། ནགས་ལས་ཀྱི་གནོད་ལྡན་སྐྱེ་དངོས་ཀྱི་ཡོངས་ཁྱབ་ཞིབ་བཤེར་བྱས་པའི་སྙན་སེང་ཞུ་ཡིག་འབྲི་དགོས་པ་མ་ཟད། ཞིང་ཆེན་དང་། ཁུལ། རྫོང་བཅས་རིམ་པ་གསུམ་ནས་ཐབས་ལམ་སྣ་མང་གི་ཐོག་ནས་ཡོངས་ཁྱབ་ཞིབ་བཤེར་གྱི་མ་དངུལ་གསོག་འཇོག་བྱེད་ཅིང་རིམ་པ་འདྲ་མཉམ་གྱི་ནོར་སྲིད་ཀྱི་ཆེད་སྤྱོད་མ་དངུལ་དང་ལག་རྩལ་གྱི་འདེགས་སྐྱོར་བྱ་རྒྱུར་བརྩོན་ལེན་བྱེད་གང་ཐུབ་བྱས་ནས་ཡོངས་ཁྱབ་ཞིབ་བཤེར་གྱི་ལས་ཀ་བདེ་བླག་ངང་ལག་བསྟར་བྱེད་ཐུབ་པར་འགན་སྲུང་བྱེད་དགོས་པ་བཅས་བླང་བྱ་བཏོན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག