མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

རོང་བྲག་རྫོང་དགུ་རྫོང་ཤང་གིས་ནུས་ཤུགས་གང་ཡོད་ཀྱིས་རྩ་གཏོར་བཏང་བའི་གཞུང་ལམ་མྱུར་སྐྲུན་བྱས།

  ཡོང་ཁུངས། ཁམས་པའི་དྲ་བ།  2014-10-14 10:05

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཆུ་འབྲུབ་པའི་དུས་སྐབས་ནས་བཟུང་། རྒྱུན་མཐུད་དུ་དྲག་ཆར་འབབ་པའི་རྐྱེན་གྱིས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རོང་བྲག་རྫོང་དགུ་རྫོང་ཤང་གི་མངའ་ཁོངས་སུ་ཡོད་པའི་རུང་པ་ལུང་པ་དང་། ལིན་པང་ལུང་པ། ཧྲི་ཧྲེན་ལུང་པ། ཅང་ཁོའུ་ལུང་པ། ཆུ་འཁོར་ལུང་པ་སོགས་ཀྱི་ཆུ་གློ་བུར་དུ་རྒྱས་ནས་གྲོང་སྡེ12ཀྱི་གྲོང་བགྲོད་གཞུང་ལམ་ལ་ཚད་འདྲ་མིན་གྱི་གནོད་སྐྱོན་ཐེབས་ཡོད་པ་དང་། གྲོང་སྡེ9ཡི་གྲོང་བགྲོད་གཞུང་ལམ་ཚང་མ་ཆད་ནས་རྩ་གཏོར་བཏང་ཚད་ཀྱི་གཞུང་ལམ་དུམ་བུ་སྤྱི་ལེ་43.5ལ་ཟིན། ལམ་གཞི་དང་གད་པ་སྤྱི་ལེ་10རྡིབ་ཟིན་པ་དང་ ཟམ་པ་10རྩ་གཏོར་བཏང་ཟིན། ཡུལ་མིའི་དུད་ཚང་880ཡི་མི་གྲངས3000ལྷག་འགོ་འོང་བྱེད་མི་བདེ་བ་བཟོས་ཡོད་པས་གནོད་ཐེབས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་གནོད་སྐྱོན་ཚབས་ཆེན་ཐེབས་ཡོད་པ་རེད། གནོད་སྐྱོན་ཐེབས་རྗེས་རོང་བྲག་རྫོང་གི་རྫོང་ཨུ་དང་རྫོང་སྲིད་གཞུང་གི་འབྲེལ་ཡོད་འགོ་ཁྲིད་ཀྱིས་རྒྱུན་མཐུད་དུ་ཡུལ་དངོས་སུ་ཕྱིན་ནས་གནོན་སྐྱོན་ཐེབས་པའི་གཞུང་ལམ་དུམ་བུ་མྱུར་སྐྲུན་བྱེད་པའི་ལས་ཀ་སྤེལ་གང་ཐུབ་བྱས་ཏེ། ཡུལ་དངོས་དང་དུས་ཐོག་ཏུ་མྱུར་སྐྲུན་ལས་ཀའི་ཁྲོད་ཀྱི་གནད་དོན་ཐག་གཅོད་བྱས་པ་རེད།

བསྟུད་མ་ཉིན་ཤས་རིང་དགུ་རྫོང་ཤང་གིས་རྒྱ་ཆེ་བའི་ལས་བྱེད་པ་དང་མང་ཚོགས་སྒྲིག་འཛུགས་དང་སྐུལ་སློང་བྱས་པ་དང་། ཤང་དང་གྲོང་སྡེའི་རིམ་པ་གཉིས་ཀྱི་ལས་བྱེད་པའི་འགོ་ཁྲིད་འོག་གཞུང་ལམ་གྱི་བབ་བསྟུན་མྱུར་སྐྲུན་དང་གཞུང་ལམ་ཤར་གཏོང་ཐུབ་པའི་ལས་ཀ་སྤེལ་གང་ཐུབ་བྱས་པ་རེད།

མིག་སྔའི་བར་དུ་སླེབས་དུས་རྫོང་དེས་དོས་སྐྱེལ་འཕྲུལ་འཁོར་དང་། རྐོ་འདྲུ་འཕྲུལ་འཁོར། ཨར་རྒྱག་འཕྲུལ་འཁོར་སོགས་འཕྲུལ་འཁོར་ཐེངས་གྲངས100མངག་གཏོང་བྱས་པ་དང་། ངལ་རྩོལ་ནང་ཞུགས་མཁན་མང་ཚོགས་མིའི་ཐེངས་གྲངས1000 ཡོད་པ་རེད། མྱུར་སྐྲུན་བྱེད་གང་ཐུབ་བྱས་པ་བརྒྱུད་ནས་གྲོང་སྡེ7གྱི་གྲོང་བགྲོད་གཞུང་ལམ་ཕལ་ཆེ་ཤར་གཏོང་ཐུབ་པ་བྱུང་ནས་གནོད་ཐེབས་མང་ཚོགས་ཀྱི་འགྲོ་འོང་བྱེད་དཀའ་བ་དང་ཐོན་སྐྱེད་དང་འཚོ་བའི་སྟབས་མི་བདེ་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་པ་རེད། མིག་སྔར་གཞན་པའི་གྲོང་བགྲོད་གཞུང་ལམ་ཡང་མྱུར་སྐྲུན་བྱེད་བཞིན་པའི་སྒང་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག