མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

རྒྱལ་ཁབ་ཆུ་བེད་པུའུ་ཡིས་དཀར་མཛེས་ཁུལ་གྱི་ཞིང་སྡེའི་འཐུང་ཆུ་ཉེན་མེད་ཡོང་བར་ལྟ་ཞིབ་བྱས།

  ཡོང་ཁུངས། ཁམས་པའི་དྲ་བ།  2014-10-14 10:05

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། རྒྱལ་ཁབ་ཆུ་བེད་པུའུ་འཆར་འགོད་སིའི་རྒྱུན་ལས་སི་ཀྲང་གཞོན་པ་ཝང་ཨན་ནན་དང་ལྷན་ཕེབས་བཅས་དཀར་མཛེས་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཧྲུའུ་ཏ་ཁྲུན་གྱིས་ཕེབས་རོགས་འོག་འདབ་པ་རྫོང་གསུམ་འདུས་གྲོང་རྡལ་གྱི་མོ་ཧྥང་ལུང་པ་དང་། ཚེ་རོགས་ཤང་གི་གྲོང་སྟོད་གྲོང་སྡེ་རུ་ཕྱིན་ནས་ཞིང་སྡེའི་ཉེན་མེད་འཐུང་ཆུའི་ཨར་ལས་འཛུགས་སྐྲུན་བྱེད་ཚུལ་ལ་ལྟ་ཞིབ་བྱས་པ་དང་། ཆུའི་སྤུས་ཚད་ལ་ལྟ་ཞིབ་ཚད་ལེན་དང་། ཨར་ལས་ཀྱི་མ་དངུལ་འཇོག་ཚུལ། དུད་ཚང་དུ་ཆུ་མཁོ་འདོན་བྱེད་ཚུལ་བཅས་ལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་རེད།

མིག་སྔར། རང་ཁུལ་གྱི་ལོ་ལྔ་ཡི་འཆར་གཞི་བཅུ་གཉིས་པའི་ཞིང་སྡེའི་འཐུང་ཆུ་ཉེན་མེད་ཡོང་བར་འཛུགས་སྐྲུན་བྱ་རྒྱུའི་དམིགས་ཚད་དེ་ལོ་མཇུག་ཏུ་ལེགས་འགྲུབ་བྱུང་ཐུབ་རྒྱུ་ཡིན་རུང་། འཛུགས་སྐྲུན་གྲུབ་རྗེས་དོ་དམ་དང་སྲུང་སྐྱོང་བྱེད་དཀའ་བ་སོགས་ཀྱི་རྐྱེན་གྱིས་ཁུལ་ཡོངས་ཀྱི་ཞིང་སྡེའི་འཐུང་ཆུ་ཉེན་མེད་ཡོང་བའི་ལས་ཀ་སྔར་བཞིན་སྤུས་ཚད་མཐོར་འདེགས་གཏོང་དགོས་པ་དང་རིམ་སྤར་བརྟན་སྲུང་བྱེད་དགོས། དེར་བརྟེན་ལོ་ལྔ་ཡི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་ཁྲོད་དུ་རང་ཁུལ་གྱི་ཆུ་བེད་ལས་ཀ་དེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཐུང་ཆུ་ལས་ཀའི་སྤུས་ཚད་མཐོར་འདེགས་དང་རིམ་པ་སྤར་ཐུབ་པ་བྱ་རྒྱུ་དེ་གཙོ་གནད་དུ་བྱེད་པ་དང་། ཞིང་ཁའི་ཆུ་བེད་ཆུ་འདྲེན་དང་འབྲོག་ཁུལ་རྩྭ་ཐང་དུ་ཆུ་གྲོན་ཆུང་བྱས་ཏེ་ཆུ་འདྲེན་རྒྱུའི་ལས་ཀ་དེ་ཡན་ལག་གཉིས་ལ་བརྩི་ཞིང་ཐོན་ཁུངས་སྲུང་སྐྱོང་དང་ཁྲིམས་འཛིན་ནུས་ལྡན་བྱེད་པ་དང་། ཕྱོགས་བསྡུས་བདག་སྐྱོང་དང་མཐོ་རིམ་ཇུས་འགོད། གནོད་འགོག་གནོད་སེལ་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་སྲུང་སྐྱོང་བྱ་རྒྱུ་བཅས་གཙོ་གནད་དུ་བཟུང་སྟེ་ཁུལ་ཡོངས་ཀྱི་སྤྱི་ལེ་གྲུ་བཞི་ཁྲི15.3ལྡན་པའི་ས་གཞིའི་ཐོག་ཆུ་མེད་ས་ལ་ཆུ་སྤྱོད་ཐུབ་པ་དང་། ཆུ་ཡོད་ས་ལ་མི་དམངས་ལ་ཕན་པ་བསྐྲུན་ཐུབ་པ། གནོད་སྐྱོན་ཆེན་པོ་བྱུང་ཚེ་གནས་བཅའ་ཐུབ་པ་བཅས་ཡོང་ཐུབ་པ་བྱ་དགོས། ཝང་ཨན་ནན་གྱིས་རྒྱལ་ཁབ་ཆུ་བེད་པུའུ་ཡིས་སྔར་བཞིན་མི་རིགས་ས་ཁུལ་གྱི་ཆུ་བེད་འཛུགས་སྐྲུན་ལས་ཀའི་ཐད་རྒྱབ་སྐྱོར་བྱེད་པ་དང་སྲིད་ཇུས་ཐད་མུ་མཐུད་དེ་གཟིགས་སྐྱོང་ངེས་ཅན་བྱས་ཏེ། དཀར་མཛེས་ཁུལ་གྱི་ལོ་ལྔ་ཡི་འཆར་གཞི་བཅུ་གསུམ་པའི་ཞིང་སྡེའི་འཐུང་ཆུའི་ལས་ཀའི་སྤུས་ཚད་དང་ཕན་ནུས། རིམ་པ་བཅས་མཐོར་འདེགས་གཏོང་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས། ཧྲུའུ་ཏ་ཁྲུན་གྱིས་ཝང་ཨན་ནན་དང་ལྷན་ཕེབས་བཅས་པ་ལ་བཀའ་དྲིན་ཆེ་ཞུས་པ་མ་ཟད། ཁུལ་ཡོངས་ཀྱི་ཆུ་བེད་མ་ལག་གིས་གྲུབ་ཆ་གཙོ་བོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་མུ་མཐུད་དེ་ཆུ་བེད་འཛུགས་སྐྲུན་གྱི་ལས་ཀ་ཡག་པོ་སྒྲུབ་པ་དང་། ཏན་ཏིག་གིས་ལོ་ལྔ་ཡི་འཆར་གཞི་བཅུ་གཉིས་པའི་འཆར་འགོད་ལས་འགན་གྱི་དུས་རིམ་རྗེས་མའི་ལས་ཀ་སྣ་ཚོགས་ཡག་པོ་བསྒྲུབས་ནས། ལོ་ལྔ་ཡི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་ཀྱི་རྣམ་གྲངས་ཇུས་འགོད་དང་བརྩོན་ལེན་བྱེད་གང་ཐུབ་བྱས་ཏེ་དཀར་མཛེས་ཁུལ་གྱི་ཆུ་བེད་ཨར་ལས་སླར་ཡང་སྐས་རིམ་གསར་པའི་ཐོག་ལ་སླེབས་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག