མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

ཟླ10པའི་རྫོགས་ལྡན་གཟའ་འཁོར་ནང་དཀར་མཛེས་ཁུལ་ཡོངས་ཀྱིས་ལྗོངས་རྒྱུ་བ་སྣེ་ལེན་བྱས་པའི་ཟིན་ཐོ་གསར་པ་བསྐྲུན།

  ཡོང་ཁུངས། ཁམས་པའི་དྲ་བ།  2014-10-14 10:04

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས8ཉིན།གསར་འགྱུར་ཐོ་འགོད་པས་ཁུལ་ལྗོངས་རྒྱུ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། འདས་མ་ཐག་པའི་ཟླ་བ10པའི་རྫོགས་ལྡན་གཟའ་འཁོར་ནང་དཀར་མཛེས་ཁུལ་ཡོངས་ཀྱིས་ལྗོངས་རྒྱུ་བ་སྣེ་ལེན་བྱས་པའི་ཟིན་ཐོ་གསར་པ་བསྐྲུན་ཡོད་པ་རེད།

འབྲེལ་ཡོད་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན།ད་ལོའི་ཟླ་བ10པའི་རྫོགས་ལྡན་གཟའ་འཁོར་ནང་རང་ཁུལ་གྱི་ལྗོངས་རྒྱུ་བ་སྣེ་ལེན་བྱས་པའི་དམིགས་ཚད་སོ་སོས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བསྐྲུན་ཡོད།སྣེ་ལེན་བྱས་པའི་ལྗོངས་རྒྱུ་བ་མིའི་ཐེངས་གྲངས་ཁྱོན་བསྡོམས་ཁྲི84.06ལ་ཟིན་པས་ན་ནིང་ལོ་དང་བསྡུར་ན་བརྒྱ་བ45.79འཕར་བ་རེད།དེའི་ནང་ཞག་སྡོད་བྱེད་མཁན་གྱི་ལྗོངས་རྒྱུ་བ་མིའི་ཐེངས་གྲངས་ཁྲི69.23སྣེ་ལེན་བྱས་པ་དང་།ལྗོངས་རྒྱུ་ཉིན་གཅིག་བྱེད་མཁན་གྱི་ལྗོངས་རྒྱུ་བ་མིའི་ཐེངས་གྲངས་ཁྲི14.83ཡོད་པ་རེད།ལྗོངས་རྒྱུ་བ་སྣེ་ལེན་བྱས་པའི་ཡོང་འབབ་སྒོར་དུང་ཕྱུར8.32མངོན་འགྱུར་བྱུང་ནས་ན་ནིང་ལོ་དང་བསྡུར་ན་བརྒྱ་ཆ45འཕར་བ་རེད།གལ་ཆེའི་མཛེས་ལྗོངས་ཀྱི་སྒོ་འཛིན་ཡོང་འབབ་སྒོར་ཁྲི1211.58མངོན་འགྱུར་བྱུང་ཡོད།དར་མདོའི་གནམ་གྲུ་ཐང་དང་ཉི་སྟེན་གནམ་གྲུ་ཐང་གཉིས་ཀྱིས་སྐྱེལ་བསུ་བྱས་པའི་འགྲུལ་པ9438ཡོད་པའི་ནང་ནས་ཚུར་ལ་བསུ་བའི་འགྲུལ་པ4035དང་ཕར་སྐྱེལ་བའི་འགྲུལ་པ5403ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག