མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

དཀར་མཛེས་ཁུལ་བོད་ཀྱི་ཡིག་གཟུགས་འབྲི་རྩལ་སྐོར་གྱི་བགྲོ་གླེང་ཚོགས་འདུ་དར་མདོ་རུ་ཚོགས།

  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2014-10-12 11:11

21-530935-1.jpg

དཀར་མཛེས་ཁུལ་བོད་ཀྱི་ཡིག་གཟུགས་འབྲི་རྩལ་སྐོར་གྱི་བགྲོ་གླེང་ཚོགས་འདུ་དར་མདོ་རུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རིག་གནས་ཁང་གིས་དར་མདོ་ནས་དཀར་མཛེས་ཁུལ་བོད་ཀྱི་ཡིག་གཟུགས་འབྲི་རྩལ་སྐོར་གྱི་བགྲོ་གླེང་ཚོགས་འདུ་བསྡུས།

ཐེངས་འདིའི་ཚོགས་འདུར་དཀར་མཛེས་ཁུལ་བོད་ཀྱི་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་མི་དང་ཁུལ་ཡོངས་ཀྱི་སློབ་གྲྭ་ཆེ་འབྲིང་དང་ནང་བསྟན་སློབ་གླིང་། རྫོང་སོ་སོའི་དམངས་ཁྲོད་ཀྱི་བྲིས་པ་སོགས་མི20ལྷག་ཞུགས་ཤིང་། ཉིན་གཉིས་རིང་ལ་བྲིས་མཁན་སོ་སོས་བྲིས་ཀྱི་བཤད་པ་དང་ཤོག་བུའི་བཀོལ་ལུགས། སྨྱུ་གུའི་སྤྱོད་སྟངས། མཐའ་ཤན་རྒྱག་ལུགས། རང་རང་གི་བྲིས་ཀྱི་ཉམས་མྱོང་དང་འབྲེལ་བའི་མྱོང་ཚོར་ལྷུག་བརྗོད་དང་ཕན་ཚུན་བགྲོ་གླེང་སོགས་བྱས།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག