མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

ལིའུ་ཡུས་ཧྲུན་གྱིས་དཀར་མཛེས་ཁུལ་གྱི་སློབ་གསོ་ལག་ལེན་བྱེད་སྒོ་ལ་ཁྲིད་སྟོན་གནང་།

  ཡོང་ཁུངས། ཁམས་པའི་དྲ་བ།  2014-09-25 10:30

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས10ཉིན་ནས་ཚེས11ཉིན་གྱི་བར་སི་ཁྲོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཡུས་ཧྲུན་གྱིས་དཀར་མཛེས་ཁུལ་དུ་ལྟ་སྐུལ་ཁྲིད་སྟོན་གནང་ནས་ཞིང་ཆེན་གྱི་བསམ་འཆར་གཉིས་ཏེ《ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་སྤྱོད་ཚུལ་འཛུགས་སྐྱོང་གི་ཡུན་ཕན་ནང་སྲོལ་འཛུགས་ཤིང་འཐུས་ཚང་དུ་གཏོང་བའི་བསམ་འཆར》དང《ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་ནན་པོ་བྱ་རྒྱུ་གསུམ་དང་དྲང་པོ་བྱ་རྒྱུ་གསུམ་གྱི་བླང་བྱ་ལག་བསྟར་ནན་ཏིག་བྱས་ཏེ་སྔར་ལྷག་གིས་ཏང་ཡོན་ལས་བྱེད་པར་སློབ་གསོ་དང་དོ་དམ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བའི་སྐོར་གྱི་བསམ་འཆར》སློབ་སྦྱོང་གོ་རྟོགས་དང་ལག་ལེན་དོན་འཁྱོལ་ལས་ཀ་ཡག་མོ་འཛིན་རྒྱུར་ཁྲིད་སྟོན་བྱེད་པ་དང་རང་ཁུལ་གྱི་ཚན་པ་གཉིས་པའི་སློབ་གསོ་ལག་ལེན་བྱེད་སྒོའི་ཁྲོད་ཀྱི་དག་བཅོས་དོན་འཁྱོལ་དང་སྒྲིག་སྲོག་སྒྲིག་གཞི་འཛུགས་རྒྱུའི་ལས་ཀ་ཡག་མོ་འཛིན་རྒྱུར་ཁྲིད་སྟོན་གནང་བ་རེད།ལིའུ་ཡུས་ཧྲུན་གྱིས་ནན་གསུང་གནང་དོན།ངེས་པར་དུ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུས་མང་ཚོགས་ལམ་ལུགས་སློབ་གསོ་ལག་ལེན་བྱེད་སྒོའི་དུས་གནད་གསུམ་པའི་ཐད་ཀྱི་བཀོད་སྒྲིག་དང་བླང་བྱ་སློབ་སྦྱོང་ནན་ཏན་དང་ལག་ལེན་མཐར་ཕྱིན་བསྟར་ནས་ཚད་གཞི་དེ་བས་མཐོན་པོ་དང་བླང་བྱ་དེ་བས་ནན་པོས་བྱེད་སྒོར་སྐུལ་འདེད་གཏོང་དགོས།

དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་དང་ཞིང་ཆེན་ཏང་ཨུའི་ལྟ་སྐུལ་ཁྲིད་སྟོན་ཚོ་ཉི་ཤུ་པའི་ཚོ་དཔོན་དབྱང་པའོ་ཆན་གྱིས་ཕེབས་རོགས་གནང་བ་རེད།

ལིའུ་ཡུས་ཧྲུན་གྱིས་སྔོན་རྗེས་སུ་དར་མདོ་རྫོང་གི་ཞིབ་དཔྱོད་ཁང་དང་ཁྲོན་བོད་སྐྱེལ་འདྲེན་ལས་རིགས་སྤྱི་གཉེར་ཁང་གསར་པ།ཁུལ་སྲིད་དོན་ལྟེ་གནས་སོགས་སྡེ་ཁག་ལ་ཕེབས་ནས་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུལ་ལ་ཆ་རྒྱུས་ཟབ་མོ་བླངས་པ་རེད།

ལྟ་སྐུལ་ཁྲིད་སྟོན་གནང་རིང་།ལིའུ་ཡུས་ཧྲུན་གྱིས་ད་དུང་རང་ཁུལ་འབྲེལ་ཡོད་མི་སྣ་དང་བཞུགས་མོལ་ཚོགས་འདུ་གནང་སྟེ་རང་ཁུལ་ལོ་སྟོད་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བྱུང་ཚུལ་དང་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུལ།ཞིང་ཆེན་ཏང་ཨུའི་བསམ་འཆར་གཉིས་ལག་བསྟར་བྱས་ཚུལ་བཅས་གསན་པ་རེད།ཧུའུ་ཁྲང་ཧྲེང་གིས་གནས་ཚུལ་སྙན་སེང་ཞུ་བ་དང་ཁུལ་དཔོན་ཡེ་ཤེས་ཟླ་བས་གྲོས་ཚོགས་ཀྱི་གཙོ་འགན་བཞེས་པ་རེད།ཧུའུ་ཁྲང་ཧྲེང་གིས་ཞིང་ཆེན་ཏང་ཨུའི་བོད་ཁུལ་ལས་ཀའི་བླང་བྱ་ལྟར་རང་ཁུལ་གྱིས་གཙོ་བོར་བརྟན་བརླིང་ལས་ཀ་འཛིན་པའི་གནས་ཚུལ་འོག་འཕེལ་རྒྱས་དང་དམངས་འཚོ་ལས་ཀ་ཡང་དམ་འཛིན་བྱས་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་ཡོད།མང་ཚོགས་ལམ་ཕྱོགས་སློབ་གསོ་དང་ལག་ལེན་བྱེད་སྒོ་སྤེལ་དུས་དངོས་འཛིན་དངོས་སྒྲུབ་བྱས་ཡོད་ཅེས་གསུངས་པ་རེད།

ཁོང་གིས་རང་ཁུལ་གྱིས་ཞིང་ཆེན་ཏང་ཨུའི་བླང་བྱ་ལྟར་སྤྱོད་ཚུལ་ངན་པ་བཞིའི་གནད་དོན་དག་བཅོས་ལག་ལེན་དྲག་པོ་བྱ་རྒྱུར་གཙོ་གནད་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏང་རྒྱུར་དམིགས་ནས་དོན་འཁྱོལ་བྱ་རྒྱུར་འཛིན་ཞིང་།སྲ་བརྟན་མཐོར་འདེགས་ལ་བརྟེན་ནས་མང་ཚོགས་ལས་ཀ་ཡོངས་སུ་ཁྱབ་པར་སྐུལ་འདེད་གཏོང་བ།སྤྱི་ཚོགས་ཞི་མཐུན་ལ་དམིགས་ཏེ་མ་སྐུལ་དང་བླངས་ཀྱིས་བརྟན་བརླིང་བསྐྲུན་རྒྱུར་འགྲུབ་པ་བྱ་རྒྱུ་ཡིན།

ལིའུ་ཡུས་ཧྲུན་གྱིས་ངེས་པར་དུ་ཞིང་ཆེན་ཏང་ཨུའི་བསམ་འཆར་གཉིས་སློབ་སྦྱོང་ལག་ལེན་བྱ་རྒྱུ་ལེགས་འཛིན་ནན་འཛིན་བྱ་དགོས་པ་དང་ངེས་པར་དུ་གནད་དོན་གྱི་ཁྲིད་སྟོན་བྱེད་ཕྱོགས་ཡང་དག་པ་འཛིན་པ་དང་དག་བཅོས་དོན་འཁྱོལ་བྱ་རྒྱུར་ཡག་མོ་འཛིན་པ་བྱ་དགོས།སྔར་ལྷག་གིས་དག་བཅོས་འཐབ་ཇུས་དང་དག་བཅོས་བྱ་ཐབས་འཐུས་སྒོ་ཚང་དུ་བཏང་ནས་སྲོལ་བཟང་སྒྲིག་ཡག་ཟབ་སྤེལ་བྱ་དགོས་པ་དང་མཐའ་ཅིག་ཏུ་དཔོན་འགན་ཁུར་ནས་བྱ་བ་མི་བསྒྲུབ་པ་སོགས་ཀྱི་སྲོལ་ངན་ཡོ་བསྲང་བྱ་དགོས།གོང་འོག་མཉམ་འགུལ་བྱས་ནས་དག་བཅོས་བྱ་རྒྱུར་རྒྱུན་འཁྱོངས་བྱ་དགོས།མཐའ་ཅིག་ཏུ་རང་འགན་གཞན་དཀྲི་དང་འགལ་བ་ཉར་བསགས་བྱ་སྤྱོད་ལ་བཀག་སྡོམ་བྱ་དགོས་ཞེས་ཐུགས་རེ་གནང་བ་རེད།  །  ཁམས་པའི་དྲ་བ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག