མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

ལོ་སྟོད་དུ་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དམིགས་ཚད་གཙོ་བོ་བསྒྲུབས་ཚུལ་བཟང་བ།

  ཡོང་ཁུངས། ཁམས་པའི་དྲ་བ།  2014-09-25 10:30

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ལོ་སྟོད་དུ་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་68.79མངོན་འགྱུར་བྱུང་བས། ན་ལོའི་དུས་མཉམ་ལས་བརྒྱ་ཆ3.5འཕར་ཡོད།དེའི་ནང་ཐོན་ལས་དང་པོའི་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར8.2འཕར་བས་བརྒྱ་ཆ3.7འཕར་བ།ཐོན་ལས་གཉིས་པའི་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར་26.82འཕར་བས་བརྒྱ་ཆ0.5མར་ཆག་པ།ཐོན་ལས་གསུམ་པའི་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར་ 33.77འཕར་བས་བརྒྱ་ཆ7འཕར་བ།ཁུལ་ཡོངས་ཀྱི་བཟོ་ལས་ཀྱི་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར་ 18.32མངོན་འགྱུར་བྱུང་བས།ན་ལོའི་དུས་མཉམ་བརྒྱ་ཆ9.4མར་ཆག་པ།དེའི་ནང་གཞི་ཁྱོན་ཡན་ཆད་ལྡན་པའི་བཟོ་ལས་ཀྱི་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར་15.08སླེབས་པས།ན་ལོའི་དུས་མཉམ་ལས་བརྒྱ་ཆ་ 12.6 མར་ཆག་པ།སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་ཀྱི་གཏོང་འཇོག་བྱས་པའི(བསྡོམས་རྩིས་ཀྱི་དགོས་མཁོ་ནི་སྒོར་ཁྲི500ཡན་ཆད་ཀྱི་གཏོང་འཇོག་དང་ཞིང་དུད་གཏོང་འཇོག་ཡིན)སྒོར་དུང་ཕྱུར188.04མངོན་འགྱུར་བྱུང་བས།ན་ལོའི་དུས་མཉམ་ལས་བརྒྱ་ཆ 15.3འཕར་བ།སྤྱི་ཚོགས་འཛད་རྫས་ཟིལ་ཚོང་གི་སྤྱི་གྲངས་སྒོར་དུང་ཕྱུར་29.14ཡི་ཐོག་སླེབས་པས།ན་ལོའི་དུས་མཉམ་ལས་བརྒྱ་ཆ12.8འཕར་བ།ས་གནས་སྤྱི་པའི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར་10.42གྱི་ཐོག་སླེབས་པས།བརྒྱ་ཆ9.4འཕར་བ།གྲོང་ཁྱེར་དང་གྲོང་རྡལ་ཡུལ་མི་ཆ་སྙོམས་སྤྱོད་ཆོག་པའི་ཡོང་འབབ་སྒོར་11783གྱི་ཐོག་སླེབས་པས།བརྒྱ་ཆ 9.4འཕར་བ།ཞིང་འབྲོག་པ་ཆ་སྙོམས་མི་རེའི་མ་དངུལ་ཡོང་འབབ་སྒོར་2489ཡོད་པས་བརྒྱ་ཆ 17.5འཕར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག