མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

འབའ་ཐང་རྫོང་གི་དྲི་ཟའི་སྒྲ་དབྱངས་ཀྱི་བྱིས་གདངས་གླུ་མཉམ་གཏོང་ཚོགས་པས་ཐའེ་ཝན་ལ་འཁྲབ་སྟོན་བྱས་ནས་དགའ་བསུ་ཐོབ།

  ཡོང་ཁུངས། ཁམས་པའི་དྲ་བ།  2014-09-25 10:29

ཟླ9པའི་ཚེས14ཉིན། སི་ཁྲོན་ཞིང་ཆེན་འབའ་ཐང་རྫོང་གི་དྲི་ཟའི་སྒྲ་དབྱངས་ཀྱི་བྱིས་གླུ་མཉམ་གཏོང་ཚོགས་པའི་བྱིས་པ་རྣམས་ཀྱིས་ཐའེ་ཝན་ཞིང་ཆེན་ཐའེ་པེ་གྲོང་ཁྱེར་ལ་ཉིན་དང་པོའི་རིག་གནས་སྤེལ་རེས་བྱས་པ་རེད། ཁོ་ཚོ་གར་སླེབས་སར་ཐའེ་ཝན་སྤུན་ཟླ་ཚོས་དགའ་བསུ་ཆེན་པོ་བྱས།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས13ཉིན། བོད་ཁུལ་གྱི་ཐེངས་དང་པོ་བྱིས་པའི་གླུ་གཞས་མཉམ་གཏོང་ཚོགས་པ་སྟེ་སི་ཁྲོན་ཞིང་ཆེན་འབའ་ཐང་རྫོང་གི་དྲི་ཟའི་སྒྲ་དབྱངས་ཀྱི་བྱིས་གླུ་མཉམ་གཏོང་ཚོགས་པའི་བྱིས་པ་རྣམས་ཁྲེང་ཏུའུ་ནས་གནམ་གྲུར་བསྡད་དེ་ཐའེ་པེ་ཐའོ་ཡོན་གནམ་གྲུ་ཐང་ལ་སླེབས་པ་དང་། དྲི་ཟའི་གླུ་དབྱངས་ཀྱི་བྱིས་གདངས་གླུ་གཞས་མཉམ་གཏོང་ཚོགས་པའི་ཚོགས་མི48ཀྱིས་ཐའེ་ཝུན་ལ་ཉིན9རིང་གི་རིག་གནས་སྤེལ་རེས་ཀྱི་བྱེད་སྒོ་སྤེལ་འགོ་ཚུགས་པ་རེད། དྲི་ཟའི་སྒྲ་དབྱངས་ཀྱི་བྱིས་གླུ་མཉམ་གཏོང་ཚོགས་པ་ཐའེ་པེ་དང་ཐའེ་ཀྲུང་། ཡུན་ལིན། ཀའོ་ཞུང་བཅས་ཀྱི་འགྲོ་ལམ་ལྟར་འཁྲབ་སྟོན་ཐེངས་བཞི་བྱ་རྒྱུ་ཡིན་པ་དང་། ཅ་དབྱིའི་ཨ་ལི་ཧྲན་གྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མ་ཚོ་དང་དངོས་གཞི་མིན་པའི་འཁྲབ་སྟོན་སྤེལ་རེས་བྱས་ཤིང་། ཧྥེ་ཚུར་ཝན་དང་གནམ་རིག་སྟེགས་བུ། ཕུའུ་ལི་ལྕོག་ལེ་ལས་བཟོ་ཁང་། ཉི་ཟླ་རྫིང་། ཀའོ་ཞུང་གི་སངས་རྒྱས་རྗེས་དྲན་ཁང་སོགས་ལ་ལྟ་སྐོར་བྱེད་པ་ཕུད། ད་དུང་ནན་ཀྲུང་སོགས་ཀྱི་ས་ཆར་རིག་གནས་སྤེལ་རེས་བྱས་ཏེ་དར་ཁྱབ་ཆེ་བའི་ལོ་བརྒྱ་སྟོང་གི་ལོ་རྒྱུས་ལྡན་པའི་བོད་རིགས་ཀྱི་གཞས་དང་རས་པ་སོགས་དངོས་མིན་རིག་གནས་ཤུལ་བཞག་དེ་དག་ཐའེ་ཝན་མང་ཚོགས་དང་ལོ་ཆུང་བྱིས་པ་རྣམས་ལ་སྟོན་པ་རེད།

ཚེས14ཉིན། བྱིས་པ་ཚོ་ཐའེ་ཝན་གྱི་སྐད་གྲགས་ཅན་གྱི་མཛེས་ལྗོངས་ས་ཚུགས་ཧྥེ་ཚུར་ཝན་དང་། ཐའེ་པེ་གྲོང་ཁྱེར་གྱིས་བཙུགས་པའི་གནམ་རིག་ཚན་རིག་སློབ་གསོ་ཁང་གི་འཁྲབ་སྟོན་མཁན་བར་དགེ་མཚན་སྤེལ་རེས་བྱས་ཤིང་། ཚེས15ཉིན་ཐའེ་པེ་མིང་ཏའོ་སློང་ཆུང་ལ་འཁྲབ་སྟོན་སྤེལ་རེས་ཐེངས་དང་པོ་བྱས་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག