མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

རོང་བྲག་རྫོང་གིས་མང་ཚོགས་ལས་ཀ་ཡོངས་སུ་སྤེལ་བར་གཟེངས་བསྟོད་གནང་བ་དང་དུས་རིམ་བསྒྱུར་བའི་ཚོགས་ཆེན་གྱི་སྙིང་དོན་ལ་སློབ་སྦྱོང་ལག་ལེན་བྱས།

  ཡོང་ཁུངས། ཁམས་པའི་དྲ་བ།  2014-09-25 10:29

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རོང་བྲག་རྫོང་གིས་མང་ཚོགས་ལས་ཀའི་དུས་རིམ་གཉིས་པར་ཕྱོགས་བསྡོམས་དང་བརྒྱུད་སྤྲོད་ཚོགས་ཆེན་འཚོགས་པ་རེད། གྲོས་ཚོགས་ཐོག་སྔོན་མའི་དུས་རིམ་གཉིས་དང་ཁྱད་པར་དུ་དུས་རིམ་གཉིས་པའི་མང་ཚོགས་ལས་ཀ་སྤེལ་ཚུལ་ལ་ཕྱིར་མིག་བལྟས་ནས་ཕྱོགས་བསྡོམས་བྱས་པ་དང་དུས་རིམ་གསུམ་པའི་ལས་ཀ་བཀོད་སྒྲིག་བྱས་པ་རེད། དུས་ཚོད་དེ་བས་མང་པོ་སྤྱོད་པ་དང་། བརྩེ་སེམས་དེ་བས་ཟབ་མོ་འཆང་བ། སེམས་ཤུགས་དེ་བས་བསྒྲིམས་ནས་ ཉེ་འབྲེལ་ལ་ལྟ་སྐོར་དང་འཚམས་འདྲི་བྱེད་པའི་ལམ་ལུགས་དོན་འཁྱོལ་བྱེད་དགོས། རྒྱུན་དུ་འབྲེལ་འདྲིས་དང་འཚམས་འདྲི་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་སེམས་མཐུན་ཕྱོགས་མཐུན་བྱས་ཏེ་འཆམ་མཐུན་ཡོང་བར་སྐུལ་སྤེལ་གཏོང་བ་དང་། ལས་བྱེད་པ་དང་གྲྭ་བཙུན་བར་འབྲེལ་འདྲིས་དང་འགྲོ་འོང་བྱས་ཏེ་བསམ་ཚུལ་སྤེལ་རེས་བྱེད་པ་ནས་ལྷག་བསམ་ཟོལ་མེད་ཀྱིས་བསམ་བློ་སྤེལ་རེས་བྱེད་པའི་རྣམ་པར་སྒྱུར་ཐུབ་པ་བྱེད་དགོས། ཉེ་འབྲེལ་བར་བརྩེ་སེམས་བཅངས་ནས་དྭ་ཕྲུག་རོགས་སྐྱོར་བྱེད་པའི་བྱེད་སྒོའི་ཡུན་རིང་ནང་རྐྱེན་འཛུགས་གཉེར་བྱས་ཏེ། དབང་པོ་སྐྱོན་ཅན་ལ་གཅེས་སེམས་བཅངས་པའི་བྱེད་སྒོ་ཏན་ཏིག་སྤེལ་བ་དང་རྒན་གསོ་ཁང་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས་སྔར་ལྷག་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ཁྲོད་ཀྱི་ནད་ཚབས་ཆེན་ཕོག་མཁན་ལ་ལམ་སྣེ་སྟོན་པའི་རོགས་སྐྱོར་ལས་ཀ་དོན་འཁྱོལ་བྱས་ནས། དགེ་སྒྲུབ་ཀྱི་འདུ་ཤེས་དྲིལ་བསྒྲགས་དང་དར་སྤེལ་བྱེད་ཤུགས་ཆེན་གཏོང་དགོས། རྒྱལ་གཅེས་ཁྲིམས་སྲུང་དང་དྲིན་གཟོ་མཐུན་སྒྲིལ་ཡར་ཐོན་གྱི་བརྗོད་བྱ་གཙོ་བོར་དམ་པོ་དམིགས་ནས་བཞི་གསལ་པོ་བཤད་ཐུབ་པ་དང་། དྲིལ་བསྒྲགས་སློབ་གསོའི་འཕོ་འགྱུར་གསུམ་མངོན་འགྱུར་ཡོང་བ་བྱས་ཏེ་སྔར་ལྷག་གིས་སྒྱུ་རྩལ་ལེ་ཚན་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྲོང་ཚོ་དང་ཡུལ་སྡེ་རུ་ཕྱིན་ནས་བཅའ་ཁྲིམས་ཐད་ཀྱི་བརྒྱད་འཇུག་ཐུབ་པའི་བྱེད་སྒོ་སྤེལ་བ། ཟླ་བ་རེར་ཚགས་པར་ཉིན་རེ་ཀློག་པའི་ཉི་མོའི་བྱེད་སྒོ་བརྟན་པོ་བྱེད་དགོས། ནུས་ཤུགས་སྙོམས་སྒྲིག་བྱས་ཏེ་ཆ་སྒྲིག་ཏང་ཀྲི་པུའུ་ཡི་རྩ་འཛུགས་འཛུགས་སྐྲུན་དམ་འཛིན་བྱས་ཏེ་ལས་ཁུངས་ཀྱི་ཏང་རྩ་འཛུགས་དང་མཉམ་འཛུགས་མཉམ་སྐྲུན་གྱི་ཆ་སྒྲིག་གྲོང་སྡེའི་ཏང་ཀྲི་པུའུ་བར་མཉམ་འབྲེལ་བྱེད་པའི་ནང་རྐྱེན་འཛུགས་གཉེར་བྱས་ཏེ། ཞབས་ཞུ་ཅན་གྱི་ཏང་རྩ་འཛུགས་གསར་སྐྲུན་བྱ་རྒྱུའི་ལས་ཀ་དམ་འཛིན་བྱེད་པ། ཧུར་ཐག་གིས་ཏང་ཡོན་གྱིས་སྔོན་དུ་ཕྱུག་འགྱུར་བྱེད་པའི་ལས་གྲྭ་ལ་སྐུལ་འདེད་གཏོང་གང་ཐུབ་བྱས་ཏེ། ཏང་ཡོན་གྱིས་མང་ཚོགས་དང་འབྲེལ་འདྲིས་དང་ཞབས་ཞུ་བྱེད་པའི་བྱེད་སྟངས་ཟབ་སྤེལ་གཏོང་བ་དང་། ལས་རེས་གཉིས་ལ་སྙན་ཞུ་ལས་ཀ་དང་ཏང་ཡོན་གྱིས་འོས་འགན་ལས་སྒྲུབ་ཞབས་ཞུ་སོགས་ཀྱི་བྱེད་སྒོ་ཤུགས་ཆེན་སྤེལ་ནས་གྲོང་སྡེ་རིམ་པའི་ཚོགས་པ་འཛུགས་སྐྲུན་བྱ་རྒྱུ་ཟབ་སྤེལ་གཏོང་དགོས། ཧུར་ཐག་གིས་བརྩོན་ལེན་དང་། ཚན་རིག་དང་མཐུན་པའི་སྒོས་འཆར་འགོད། ལུགས་མཐུན་གྱིས་བཀོད་སྒྲིག། དོ་མཉམ་གྱི་སྒོ་ནས་འགན་འཁྲི་གཅིག་ལྕོགས་བཅས་བྱེད་པ་དང་། དམངས་ཕན་དང་དམངས་ལ་སྟབས་བདེ་སྤྲད་པའི་རྣམ་གྲངས་ཡོངས་སུ་ཁྱབ་རྒྱ་ཆེ་རུ་བཏང་ནས། མུ་མཐུད་དེ་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་དང་བདེ་སྐྱིད་ཡོང་ཚད་མཐོར་འདེགས་གཏོང་དགོས་པ་སོགས་ཀྱི་རེ་བ་བཏོན་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག