མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

དཀར་མཛེས་ཁུལ་གྱིས་བྱེད་ཐབས་བདུན་བླངས་ནས་བདེ་སྐྱིད་ལས་གྲྭ་མཐོར་འདེགས་གཏོང་རྒྱུ་རེད།

  ཡོང་ཁུངས། ཁམས་པའི་དྲ་བ།  2014-09-18 10:27

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མང་ཚོགས་ལས་ཀ་ཡོངས་སུ་ཁྱབ་པའི་ལས་ཀ་དེ་དུས་རིམ་གསུམ་པར་སླེབས་པ་ནས་བཟུང་།སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱིས་བྱེད་ཐབས་བདུན་བླངས་ཏེ་བདེ་སྐྱིད་ལས་གྲྭ་མཐོར་འདེགས་བཏང་ནས་ལས་ཀ་དེས་མང་ཚོགས་ལ་ཕན་འབྲས་དངོས་ཐོབ་པར་ཁག་ཐེག་བྱ་རྒྱུ་རེད། ལས་ཀའི་ནང་རྐྱེན་དང་བྱེད་ཐབས་གསར་སྐྲུན་བྱ་རྒྱུ།ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བོད་ཁུལ་གྱི་དམངས་འཚོ་ལས་ཀའི་ནང་རྐྱེན་གསར་སྐྲུན་གྱི་བླང་བྱ་ལྟར་སྔར་ལྷག་གིས་བདེ་སྐྱིད་ལས་གྲྭའི་ལག་བསྟར་བྱེད་སྟངས་ལེགས་སུ་བཅོས་ཏེ་ལས་ཀའི་ནང་རྐྱེན་དང་བྱེད་ཐབས་གསར་སྐྲུན་བྱ་རྒྱུ།《དཀར་མཛེས་ཁུལ་གྱི་བདེ་སྐྱིད་ལས་གྲྭའི་རྣམ་གྲངས་འཛུགས་སྐྲུན་དོ་དམ་གྱི་གནས་སྐབས་ལག་བསྟར་གཏན་འབེབས》སོགས་བྱེད་ཐབས་གསུམ་དོན་འཁྱོལ་ནན་ཏན་བྱས་ནས་ཨར་ལས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་།ཧུར་ཐག་གིས་མ་དངུལ་ཁ་གསབ་དང་བྱ་དགའ་སྤྲོད་སྟངས་ལེགས་སུ་གཏོང་ཞིང་།དངུལ་བྱང་གི་ནང་དུ་དངུལ་འཇོག་རྒྱུ་དང་ལག་དངུལ་སྤྲོད་པ་གཉིས་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་མང་ཚོགས་ཀྱི་ཁ་གསབ་དང་བྱ་དགའི་དངུལ་ལེན་རྒྱུར་སྟབས་བདེ་བཟོས་ཐུབ་ཡོད་ལ།མང་ཚོགས་ཀྱིས་སྲིད་ཇུས་གོ་བ་ཇེ་ཟབ་ཏུ་ལོན་ཐུབ་པའི་དམིགས་འབེན་ཡང་གྲུབ་པ་རེད། མང་ཚོགས་ཀྱི་གཙོ་བོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་མང་ཚོགས་ཚོ་ཧུར་ཐག་གིས་བདེ་སྐྱིད་ལས་གྲྭའི་ཐབས་ཇུས་ལག་བསྟར།ལྟ་སྐུལ་དོ་དམ་བྱ་རྒྱུའི་ནང་ཞུགས་བཅུག་ནས་བདེ་སྐྱིད་ལས་གྲྭ་དེ་སྲིད་གཞུང་གིས་གཙོ་ཁྲིད་དང་མང་ཚོགས་ཞུགས་པ་གཉིས་ཕན་ཚུན་སྤེལ་རེས་ཡག་པོ་ཡོང་བ་དང་།བདེ་སྐྱིད་ལས་གྲྭ་དང་མང་ཚོགས་ལས་ཀ་ཡོངས་སུ་ཁྱབ་པའི་བྱེད་སྒོ་གཞན་དག་གི་བར་སྤེལ་རེས་ཡག་པོ་ཡོང་བ་བྱེད་དགོས། ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་ཐོག་གི་ལས་མེད་དུ་སྡོད་པའི་ན་གཞོན་ལས་ཞུགས་ཐུབ་པ་དང་མཐའ་འཁོབ་ཀྱི་གྲོང་གསེབ་དང་ཞིང་སྡེའི་གཞུང་ལམ་ཉེན་འགོག་འགན་སྲུང་བྱེད་སའི་སྒྲིག་ཆས།དགོན་པའི་གྲྭ་བཙུན་གྱི་སྤྱི་ཚོགས་འགན་སྲུང་།སྲིད་གཞུང་གིས་མ་དངུལ་བརྒྱབ་པའི་འཛུགས་སྐྲུན་རྣམ་གྲངས་ཀྱིས་ཡུལ་དེ་གའི་མང་ཚོགས་ལས་ཀར་ཞུགས་ཐུབ་པ་བྱ་རྒྱུ། མང་ཚོགས་ཀྱིས་ཐད་ཀར་ཨར་ལས་ཆུང་གྲས་ལྔའི་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་པར་ཁྲིད་སྟོན་བྱ་རྒྱུ།དགོན་པའི་གྲྭ་ཤག་འཛུགས་སྐྲུན་དེ་སྤྱིལ་ཁང་བཟོ་བཅོས་ཨར་ལས་ནང་འཇོག་རྒྱུ།ལས་ཞུགས་མ་དངུལ་དོ་དམ་དང་བེད་སྤྱོད་བྱེད་སྟངས་གསར་སྐྲུན་བྱེད་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་དེ་གཙོ་གནད་ལས་ཀའི་ནང་འཇོག་པ་དང་།སྤྱོད་གོ་ཆོད་པའི་བྱེད་ཐབས་དང་ཐབས་ཤེས་ཞིབ་འཇུག་བཟོ་འགོད་བྱས་ནས་དམངས་འཚོའི་དོ་ཁུར་དང་དཀའ་ངལ་ཆེ་སའི་གནད་དོན་ཁག་ཅིག་ཐག་གཅོད་བྱས་དང་བྱེད་བཞིན་ཡོད་པ་རེད། མ་དངུལ་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་།ཀྲུང་དབྱང་གི་མ་དངུལ་རག་ཐབས་དང་ཞིང་ཆེན་རིམ་པས་རོགས་དངུལ་ཁ་གསབ་བྱ་རྒྱུ་གཙོ་བོ་བྱས་ཤིང་། ཁུལ་དང་རྫོང་རིམ་པས་རིམ་པ་བགོས་ནས་འགན་ཁུར་བ།མང་ཚོགས་ཀྱིས་རང་སྟོབས་རང་སྤེལ་བྱ་རྒྱུའི་རྩ་དོན་རྒྱུན་འཁྱོངས་བྱས་པ་དང་། སྲིད་གཞུང་གིས་གཙོ་ཁྲིད་བྱས་པ་དང་མ་དངུལ་སྡེབ་སྒྲིག ཐབས་ལམ་མི་འགྱུར་བ།སོ་སོའི་བྱས་རྗེས་ཐོ་འགོད་སོགས་ཀྱི་བྱེད་ཐབས་བླངས་ཏེ་ཐབས་ལམ་སྣ་མང་བརྒྱུད་ནས་རྣམ་གྲངས་འཛུགས་སྐྲུན་མ་དངུལ་དོན་ཐོག་འཁྱོལ་བ་དང་རིགས་སྣ་ཚོགས་ཀྱི་འཛུགས་སྐྲུན་མ་དངུལ་སྡེབ་སྒྲིག་བཅས་བྱས་ནས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།རྣམ་གྲངས་མ་དངུལ་བརྩོན་ལེན་དང་རྗེས་སྙེགས། མཐུན་སྦྱོར་བཅས་ལ་ཤུགས་སྣོན་བརྒྱབ་ནས་མ་དངུལ་སྔ་སྣུར་ཙམ་ལག་ཐོག་སླེབས་པར་སྐུལ་འདེད་གཏོང་དགོས།ཁུལ་དང་རྫོང་ནོར་སྲིད་ཀྱིས་གསོག་དངུལ་བེད་སྤྱོད་ཡང་དག་པ་བྱས་ནས་དུས་ཐོག་ཏུ་རིགས་སྣ་ཚོགས་ཀྱི་ཆེད་དངུལ་བཏང་ནས་སྔོན་དུ་རྣམ་གྲངས་ཀྱི་ཆ་ཚང་སྒྲིག་པའི་མ་དངུལ་བཀོད་སྒྲིག་བྱེད་པ་དང་།སྔོན་དུ་རྣམ་གྲངས་སྤེལ་དངུལ་བཀོད་གཏོང་བྱེད་པ།རྣམ་གྲངས་ཀྱི་མ་དངུལ་ཡོང་ཁུངས་གསལ་པོ་ཡོད་མཁན་ལ་དུས་ཚོད་སྔ་སྣུར་བྱས་ཏེ་གཏོང་སྤྲོད་བྱེད་པ་བཅས་བྱས་ནས་རྣམ་གྲངས་འཛུགས་སྐྲུན་ལ་མ་དངུལ་གྱི་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱ་རྒྱུ། ལག་བསྟར་བྱས་པའི་འཕེལ་རིམ་ཇེ་མགྱོ གས་སུ་གཏོང་དགོས། བཀོལ་སྤྱོད་ཀྱི་བརྒྱུད་རིམ་ཚད་ལྡན་བཏང་ནས་ལས་ཀའི་འགན་འཁྲི་ཇེ་དྲག་ཏུ་གཏོང་དགོས། ལས་གྲྭའི་རིགས་ཀྱི་རྣམ་གྲངས་ཁག་ལ་རྣམ་གྲངས་ཀྱི་སྔོན་འགྲོ་ལས་ཀ་ཇེ་མགྱོ གས་སུ་གཏོང་བ་དང་རྒྱུ་རྐྱེན་འགན་སྲུང་དོན་འཁྱོལ་བྱེད་དགོས།ལས་གྲྭའི་རྣམ་པ་ལ་གཞིགས་ནས་ལས་གྲྭའི་དུས་ཚད་དང་བརྒྱུད་རིམ་བཀོད་སྒྲིག་བྱས་ཏེ་ལས་འཛུགས་སྒྲིག་གཞི་ཇེ་ལེགས་སུ་བཏང་ནས་ནུས་ཤུགས་ལྡན་པའི་སྒོས་རྣམ་གྲངས་འཛུགས་སྐྲུན་ཇེ་མགྱོ གས་སུ་གཏོང་བ་དང་དུས་བཀག་ལྟར་ལེགས་གྲུབ་ཡོང་བར་བྱ་དགོས། གསོ་སྦྱོང་རིགས་ཀྱི་རྣམ་གྲངས་ལ་གསོ་སྦྱོང་བྱེད་ཐབས་དང་དགེ་རྒན། ཁྲིད་ཚན་སོགས་སྔོན་འགྲོའི་གྲ་སྒྲིག་ཇེ་མགྱོ གས་སུ་བཏང་ནས་ཟླ་བ12པའི་ཟླ་མཇུག་སྔོན་དུ་ཁྱོན་ཡོངས་ནས་ལེགས་གྲུབ་ཡོང་བར་ཁག་ཐེག་བྱེད་དགོས། བྱ་དགའི་གསབ་དངུལ་རིགས་ཀྱི་རྣམ་གྲངས་ལ་གཟབ་ནན་གྱིས་འབྲེལ་ཡོད་རེ་འདུན་ལ་གཞིགས་ནས་དུས་ཐོག་ཏུ་དངུལ་བྱང་དུ་གཏོང་སྤྲོད་བྱེད་དགོས།

རྣམ་གྲངས་དོ་དམ་ཚད་ལྡན་དུ་གཏོང་དགོས།ཏན་ཏིག་གིས་རྣམ་གྲངས་འཛུགས་སྐྲུན་གྱི་མྱུར་ཚད་དང་སྤུས་ཚད། བདེ་འཇགས་དང་མ་དངུལ་སོགས་ཀྱི་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་རྣམ་གྲངས་ལག་བསྟར་ཚད་ལྡན་གཏོང་དགོས།མ་དངུལ་ཁ་གསབ་རིགས་ཀྱི་རྣམ་གྲངས་ལ་གཟབ་ནན་གྱིས་ཞིབ་བཤེར་དང་ཁུངས་ཆོད་པ།སྤྱི་བསྒྲགས་བྱེད་པ།དཔྱད་ཞིབ་དང་ཆོག་མཆན་སོགས་ཀྱི་བརྒྱུད་རིམ་ལ་གཞིགས་ནས་ལག་བསྟར་བྱེད་རྒྱུ་དང་། སྤྱི་བསྒྲགས་དང་དྲང་གཞག་ཡོང་བར་འགན་སྲུང་བྱེད་དགོས། མི་སྒེར་ལ་ཁ་གསབ་རོགས་སྐྱོར་བྱེད་པའམ་གཏོང་སྤྲོད་བྱ་རྒྱུ་རིགས་ཀྱི་རྣམ་གྲངས་ལ་གཟབ་ནན་གྱིས་སྲིད་ཇུས་ལྟར་དྲང་གཞག་དང་བརྒྱུད་རིམ་གསལ་བ། དངུལ་བྱང་དུ་གཏོང་སྤྲོད་བྱེད་དགོས།གསོ་སྦྱོང་རིགས་ཀྱི་རྣམ་གྲངས་ལ་ཡུལ་བབ་དང་སྟུན་པ་དང་བབ་བསྟུན་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་“སྤྱི་ཚོགས་ལས་ཞུགས་རྒྱ་བསྐྱེད་བྱས་ཏེ་ཞིང་འབྲོག་མང་ཚོགས་ཀྱི་ཡོང་བབ་འཕར་སྣོན་གཏང་རྒྱུའི”དམིགས་འབེབས་ལྟར་ལག་བསྟར་ཇེ་ལེགས་སུ་གཏོང་དགོས།ལས་གྲྭའི་རིགས་ཀྱི་རྣམ་གྲངས་ལ་གཟབ་ནན་གྱིས་འཆར་འགོད་དང་ས་ཁུངས་དོན་འཁྱོལ། སུས་འཇོན་དེ་འགུག་དང་ཨར་ལས་གྲུབ་ནས་ཞིབ་བཤེར་རྩིས་ལེན་སོགས་ཀྱི་བརྒྱུད་རིམ་དོན་འཁྱོལ་བྱེད་དགོས།དཔྱད་ཡིག་འཐུས་ཚང་དང་ཡིག་ཚགས་ཚད་ལྡན་འཛུགས་པ་བྱས་ནས་རྨང་གཞི་བརྟན་པོར་འདིང་དགོས།

རྣམ་གྲངས་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས།བདེ་སྐྱིད་ལས་གྲྭའི་འགན་འཁྲི་འགན་ནུས་ནན་འཛིན་བྱས་ཏེ་བདེ་སྐྱིད་ལས་གྲྭའི་མཛུབ་སྟོན་དང་ལྟ་ཞིབ་ལས་ཀར་ཤུགས་སྣོན་རྒྱག་དགོས།ཆེད་དུ་ལྟ་སྐུལ་ཞིབ་བཤེར་དང་གལ་གཙོ་གནད་དུ་ལྟ་སྐུལ་ཞིབ་བཤེར་བྱེད་པ་སོགས་ཀྱི་བྱེད་ཐབས་བླངས་ནས་དུས་བཀག་དང་དུས་བཀག་མིན་མེད་པར་ས་གནས་སོ་སོར་ཕྱིན་ནས་ལྟ་སྐུལ་ཞིབ་བཤེར་གྱི་བརྟག་དཔྱད་ཞིབ་འཇུག་བྱེད་དགོས།གནད་དོན་མཐོང་ཚེ་དུས་ཐོག་ཏུ་དབྱེ་ཞིབ་དང་ཞིབ་འཇུག་བྱས་ནས་དུས་བཀག་ལྟར་དག་ཐེར་དོན་འཁྱོལ་བྱས་ཏེ་རྣམ་གྲངས་ལ་སྐུལ་འདེད་དང་ལས་ཀ་དོན་འཁྱོལ་བྱེད་དགོས།

གླེང་ཕྱོགས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་དགོས། ཧུར་ཐག་གིས་དྲིལ་བསྒྲགས་ཀྱི་བྱེད་ཐབས་གསར་པ་བླངས་ནས་གསར་འགྱུར་སྨྱན་བྱད་དང་སྲིད་ཇུས་འགྲེལ་བཤད་དེབ་ཆུང་། ཆ་སྒྲིག་ཉེ་རྩིས་དང་དེ་མིན་གྱི་བྱེད་སྒོ་ཆེན་པོ་ལྔ་སོགས་ཀྱི་ཐབས་ལམ་བརྒྱུད་དེ་གཏིང་ཟབ་པའི་སྒོ་ནས་མང་ཚོགས་ལ་བདེ་སྐྱིད་ལས་གྲྭའི་སྲིད་ཇུས་དང་ལས་གྲྭའི་འཕེལ་རིམ། ལག་བསྟར་གྲུབ་འབྲས་སོགས་དྲིལ་བསྒྲགས་བྱས་ཏེ་རྒྱུན་ཆད་མེད་པར་མང་ཚོགས་ཀྱིས་ཤེས་རྒྱུས་ལོན་པ་དང་བློར་བབ་ཚད་མཐོ་རུ་གཏོང་དགོས།

ཨར་ལས་གྲུབ་རྗེས་ཀྱི་དོ་དམ་དང་བདག་སྐྱོང་ནན་འཛིན་བྱེད་དགོས། གཟབ་ནན་གྱིས་ལས་གྲྭ་གྲུབ་ནས་ཞིབ་བཤེར་རྩིས་ལེན་ཡང་དག་པ་བྱས་ནས་དུས་ཐོག་ཏུ་སྤྲོད་ནས་བེད་སྤྱོད་ཐུབ་པར་བྱེད་དགོས།བདེ་སྐྱིད་ལས་གྲྭ་གྲུབ་རྗེས་ཀྱི་རྣམ་གྲངས་འཁོར་སྐྱོད་དང་བདག་སྐྱོང་། དོ་དམ་སྒྲིག་སྲོལ་སོགས་འཐུས་ཚང་དུ་གཏོང་དགོས།ཕྱོགས་མང་པོ་ནས་དོ་དམ་བདག་སྐྱོང་གི་མ་དངུལ་གྲབས་གསོག་བྱེད་པ་དང་། ལས་གྲྭ་གྲུབ་རྗེས་ཀྱི་མུ་མཐུད་དོ་དམ་བདག་སྐྱོང་བྱེད་ཐབས་དོན་འཁྱོལ་གཏན་འབེབས་བྱས་ཏེ་ཏན་ཏིག་གིས་ལས་གྲྭ་བདག་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག