མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

རྟའུ་རྫོང་གིས་མང་ཚོགས་ལས་ཀ་ཡོངས་སུ་ཁྱབ་པ་རྒྱུན་ལྡན་ཅན་དུ་གཏོང་བར་སྐུལ་སྤེལ་བྱེད་ཤུགས་ཆེ་རུ་བཏང་།

  ཡོང་ཁུངས། ཁམས་པའི་དྲ་བ།  2014-09-18 10:27

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱིས་ཁུལ་ཡོངས་ཀྱི་ནུས་ཤུགས་བཏོན་ནས་མང་ཚོགས་ལས་ཀ་ཡོངས་སུ་ཁྱབ་པའི་བྱེད་སྒོ་སྤེལ་བ་ནས་བཟུང་། བྱང་རྒྱུད་ས་ཁུལ་གྱི་ཤར་སྒོར་གྱུར་པའི་རྟའུ་རྫོང་གིས་མང་ཚོགས་ལས་ཀར་དམ་འཛིན་ཇི་ལྟར་བྱས་ཤིང་སྐུལ་སྤེལ་ཇི་ལྟར་བཏང་བ་དང་། མང་ཚོགས་བར་གྱི་འབྲེལ་བ་ཇི་ལྟར་ཡིན་པའི་སྐོར་གྱི་གནད་དོན་ལ་དམིགས་ནས་གསར་འགོད་པས་བཅར་འདྲི་བྱས་པ་ཡིན།

རྫོང་དེའི་ལས་བྱེད་པ་དང་ལས་བཟོ་བ2399དང་ཞིང་འབྲོག་དམངས་ཀྱི་དུད་ཚང10124བར་ཆ་སྒྲིག་ཉེ་རྩིས་བྱས་ཏེ། མང་ཚོགས་ཀྱི་དཀའ་ངལ1978བསྡུ་ལེན་བྱས་ཤིང་དེའི་ནང923ཐག་གཅོད་བྱས་ཡོད། མང་ཚོགས་ལ་ལག་དངུལ་དང་དངོས་རྫས་དངུལ་ཐོག་ཕབ་ན་རོགས་སྐྱོར་མ་དངུལ་ཁྱོན་བསྡོམས་སྒོར་ཁྲི2737བཏང་ནས་མང་ཚོགས་རྣམས་ལ་ཏང་ཉེ་འགྲམ་དུ་ཡོད་པ་དང་ལས་བྱེད་པ་ཉེ་བ་ཡིན་པའི་མྱོང་ཚོར་ཟབ་མོ་ཐེབས་སུ་བཅུག ཁོ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པས་དྭ་ཕྲུག90དང་དམིགས་བསལ་གྱི་དཀའ་ངལ་ཡོད་པའི་མང་ཚོགས851ལ་རོགས་སྐྱོར་བྱས་ཤིང་ལག་དངུལ་དང་དངོས་རྫས་དངུལ་ཐོག་ཕབ་ན་ཁྱོན་བསྡོམས་སྒོར་ཁྲི42.5བཏང་ཡོད། ཁུལ་དང་རྫོང་རིམ་པའི་འགོ་ཁྲིད36གིས་དགོན་པ32དང་ཆ་སྒྲིག་ཉེ་རྩིས་བྱས་ནས་དགོན་པའི་དོ་དམ་ཨུ་ལྷན་བདེ་བླགས་ངང་བཅོས་འཛུགས་བྱས་ཏེ་དགོན་པའི་དོ་དམ་ཨུ་ལྷན་གྱི་ཁོངས་མིར་ལྟ་སྐྱོང་བྱས། ཇོ་མོ30པེ་ཅིན་དུ་ལྟ་སྐོར་སློབ་སྦྱོང་བྱེད་སར་མངགས་པ་དང་དབུལ་ཕོངས་གྲྭ་བཙུན968མ་མཐའི་འཚོ་བའི་འགན་སྲུང་དུ་ཞུགས་སུ་བཅུག་པ་དང་། གྲྭ་བཙུན་ཐམས་ཅད་ཞིང་སྡེའི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པ་དང་སྨན་བཅོས་ཉེན་འགོག་གི་གྲས་སུ་བཞག་པས་ཆོས་ལུགས་ཀྱི་ཁྱབ་ཁོངས་ཉིན་བཞིན་ཞི་མཐུན་དུ་སོང་ཡོད། སྒོར་དུང་ཕྱུར3.03བཏང་ནས་མང་ཚོགས་ཀྱི་དངོས་ཡོད་ཁེ་ཕན་དང་འབྲེལ་བ་ཡོད་པའི་འགྲོ་ལམ་དཀའ་བ་དང་འཐུང་ཆུ་དཀོན་པ། གློག་མི་འདང་བ། བརྡ་འཕྲིན་གྱི་ཆ་རྐྱེན་ཞན་པ་སོགས་ཀྱི་བདེ་སྐྱིད་ཀྱི་ལས་གྲྭའི་རྣམ་གྲངས120སྤེལ་ཞིང་ཨར་ལས་སྤྱིའི་བརྒྱ་ཆ34.78གྲུབ་པར་བྱས་ཏེ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་བཅོས་བྱས་ཡོད། ཁུལ་དང་རྫོང་རིམ་པའི་ལས་ཁུངས་དང་ཁེ་ལས་དོན་ལས་སྡེ་ཁག་གི་ཏང་ཀྲི་པུའུ104དང་གྲོང་སྡེ་དང་སྡེ་ཁུལ་ཀྱི་ཏང་ཀྲི་པུའུ160བར་ཆ་སྒྲིག་བྱས་ནས་མཉམ་འཛུགས་མཉམ་སྐྲུན་གྱི་བྱེད་སྒོ་སྤེལ་ཞིང་གཞི་རིམ་ཏང་རྩ་འཛུགས་ཀྱི་སྤུས་རིམ་སྤར་ཚད་བརྒྱ་ཆ100ཡི་ཐོག་སླེབས་པ་དང་། གཞི་རིམ་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་དང་འབད་འཐབ་བྱེད་ཤུགས་ཇེ་ཆེར་བཏང་བ་རེད། རྒྱལ་གཅེས་དང་ཁྲིམས་སྲུང་། དྲིན་གཟོ། མཐུན་སྒྲིལ། ཡར་ཐོན་བཅས་ཀྱི་བརྗོད་བྱ་གཙོ་བོར་བྱས་པའི་སློབ་གསོའི་བྱེད་སྒོ་སྤེལ་ཐེངས125བྱས་ཤིང་ཞིང་འབྲོག་དམངས5800ལྷག་ལ་སློབ་གསོ་ཐེབས་པ་རེད།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག