མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

དཀར་མཚེས་ཁུལ་གྱི་ས་གནས་ཁག་གིས་མང་ཚོགས་ལས་ཀ་ཡོངས་སུ་ཁྱབ་པར་གཟེངས་བསྟོད་གནང་བ་དང་དུས་རིམ་བསྒྱུར་བའི་ཚོགས་ཆེན་གྱི་སྙིང་དོན་ལ་སློབ་སྦྱོང་ལག་ལེན་བྱས།

  ཡོང་ཁུངས། ཁམས་པའི་དྲ་བ།  2014-09-18 10:27

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཡོངས་ཀྱི་བཟོ་ཚོགས་མ་ལག་གིས་མང་ཚོགས་ལས་ཀའི་དུས་རིམ་སྒྱུར་བའི་ཚོགས་ཆེན་དང་གཙོ་གནད་ལས་ཀ་སྐུལ་སྤེལ་གཏོང་བའི་ཚོགས་ཆེན་གྱི་སྙིང་དོན་བརྒྱུད་བསྒྲགས་དང་ལག་ལེན་མཐའ་ཕྱིན་བྱེད་པའི་ཚོགས་འདུ་འཚོགས་ནས། འདས་པའི་ལོ་གཉིས་རིང་ལ་བཟོ་ཚོགས་མ་ལག་གིས་མང་ཚོགས་ལས་ཀའི་གནས་ཚུལ་ལ་ཕྱོགས་བསྡོམས་དང་ཕྱིར་མིག་ལྟ་བ། མང་ཚོགས་ལས་ཀའི་ཁྲོད་དུ་གནས་པའི་གནད་དོན་དང་མི་འདང་སར་དབྱེ་ཞིབ་བྱས་ནས་ནུས་ཤུགས་ཡོད་རྒུས་དུས་རིམ་གསུམ་པའི་མང་ཚོགས་ལས་ཀ་ཡོངས་སུ་ཁྱབ་པའི་ལས་ཀར་སྐུལ་འདེད་བཏང་བ་རེད། གྲོས་ཚོགས་ཐོག་བཟོ་ཚོགས་ཨུ་ལྷན་གྱི་ལས་སྒོའི་ལས་ཀ་དང་ཟུང་འབྲེལ་བྱས་ཏེ་མང་ཚོགས་ལས་ཀའི་གྲུབ་འབྲས་སྲ་བརྟན་བཏང་ནས། མང་ཚོགས་ལས་ཀ་ཡོངས་སུ་ཁྱབ་པའི་ཕན་འབྲས་དངོས་མཐོར་འདེགས་གཏོང་དགོས། དཀའ་ངལ་ཡོད་པའི་ལས་བཟོ་ལ་རོགས་སྐྱོར་བྱེད་ཁྱོན་རྒྱ་སྐྱེད་གཏོང་གང་ཐུབ་བྱས་ཏེ་བཟོ་ཚོགས་ཨུ་ལྷན་གྱིས་དུས་ཚིགས་བཞི་ལ་རོགས་སྐྱོར་བྱ་རྒྱུ་དང་། ནད་རིགས་ཚབས་ཆེན་ལ་སྨན་བཅོས་རོགས་སྐྱོར་བྱ་རྒྱུ། ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་སོགས་ཀྱི་ལས་ཀ་དེ་ཞིང་འབྲོག་མང་ཚོགས་ཀྱི་ཁྲོད་དུ་ཁེབས་ཐུབ་པ་བྱས་ཏེ་དངོས་གནས་དྲང་གནས་ཀྱིས་མང་ཚོགས་ཀྱི་དཀའ་ངལ་ཐག་གཅོད་རོགས་བྱེད་དགོས། ཚོགས་སྤྱིའི་ལས་ཀ་སྤོ་སྒྱུར་འཕེལ་རྒྱས་ཟབ་ཏུ་བཏང་ནས་མང་ཚོགས་ལས་ཀ་ཡོངས་སུ་ཁྱབ་པ་བྱ་རྒྱུ་དེ་འགོ་འཛུགས་ས་དང་ནུས་ཤུགས་རྒྱག་ས་བྱས་ཏེ། ཧུར་ཐག་རང་འགུལ་གྱིས་སྤྱི་ཚོགས་བདག་སྐྱོང་གི་ལས་ཀའི་ནང་ཞུགས་པ་དང་། ཏང་སྲིད་ལ་རོགས་རམ་བྱས་ཏེ་གནས་ཚུལ་གསར་པའི་འོག་གི་མང་ཚོགས་ལས་ཀ་ཡག་པོ་བསྒྲུབ་དགོས། ནུས་ཤུགས་གང་ཡོད་ཀྱིས་ཚོགས་སྤྱིའི་སྤྱི་ཚོགས་ཀྱི་ཞབས་ཞུ་ལས་ཀ་དང་ལས་ཀའི་ས་ཚུགས་འཛུགས་སྐྲུན་བྱེད་པའི་ལས་ཀ་སྤེལ་དགོས། ཉེན་སྐྱོབ་མུག་སེལ་དང་། བབ་བསྟུན་རོགས་སྐྱོར། སྤྱི་ཕན་བྱེད་སྒོ་བཅས་ལ་དམིགས་ཏེ་ཕྱོགས་ཡོངས་ནས་ཕྱོགས་བསྡུས་འདུམ་འགྲིག་ཞབས་ཞུ་དང་། རྣམ་གྲངས་གཙོ་བོའི་ཞབས་ཞུ། ཐོན་ཁུངས་ཉོ་སྒྲུབ་ཞབས་ཞུ་བཅས་རྣམ་གྲངས་གསུམ་གྱི་ཞབས་ཞུ་ལས་ཀ་ཡག་པོ་འཛིན་པ་དང་། གཙོ་གནད་དུ་བུད་མེད་དང་། ཕྲུ་གུ། ལས་ཀ་མེད་པའི་མི་འབོར། ཁེར་རྐྱང་ནད་རོ།དབང་པོ་སྐྱོན་ཅན། ས་ཞིང་མེད་མཁན་དང་གནས་སྤོ་ཡུལ་མི། གནོད་ཐེབས་མང་ཚོགས་བཅས་ཚོགས་སྤྱི་ཆེན་པོ་དྲུག་ལ་གཙོ་གནད་དུ་རོགས་སྐྱོར་བྱེད་དགོས་ཞེས་རེ་བ་བཏོན་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག