མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

དཀར་མཛེས་རྫོང་གིས་མང་ཚོགས་ལ་དོན་དངོས་སྒྲུབ་རྒྱུ་དེ་དོན་ཐོག་ཏུ་འཁྱོལ་ཐུབ་པ་བྱས།

  ཡོང་ཁུངས། ཁམས་པའི་དྲ་བ།  2014-09-18 10:27

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མང་ཚོགས་ལས་ཀ་ཡོངས་སུ་ཁྱབ་པའི་བྱེད་སྒོ་སྤེལ་བ་ནས་བཟུང་། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་གིས་ཟླ་རེར་བརྗོད་བྱ་གཙོ་བོ་རེའི་བྱེད་སྟངས་ཐོག་ནས་མང་ཚོགས་ལས་ཀ་དང་དུས་རིམ་གྱི་ལས་ཀ་གཙོ་གནད་གཉིས་ཕན་འབྲས་ཐོབ་ཐུབ་པ་བྱེད་པ་དང་།ལས་བྱེད་པ་སྟོང་ལྷག་གཞི་རིམ་དུ་བསྐྱོད་ནས་ལས་བྱེད་པའི་ལས་ཀའི་སྤྱོད་ཚུལ་འཕོ་འགྱུར་བཏང་བ་དང་།གཞུང་དོན་ལས་སྒྲུབ་མི་སྣ་མང་ཚོགས་དང་ཞིང་ཁ་མུ་ཁར།དགོན་པ་བཅས་སུ་འགྲོ་ནས་བརྩེ་དུང་དང་བློ་རིག ནུས་ཤུགས་བཅས་བཏོན་ནས་མང་ཚོགས་ལ་ཞབས་འདེགས་ཞུས་པས།ལས་བྱེད་པའི་རྣམ་པ་བཟང་པོ་དང་སྤྱོད་ཚུལ་བཟང་པོ་མང་ཚོགས་ཀྱི་སེམས་སུ་འཇགས་ཡོད་པ་རེད།

ལོ་གཉིས་རིང་ལ་མང་ཚོགས་ལས་ཀ་སྤེལ་བ་ནས་བཟུང་རྫོང་དེའི་ལས་བྱེད་པ་དང་མང་ཚོགས་བར་གྱི་ཉ་དང་ཆུ་ནང་བཞིན་གྱི་འབྲེལ་བ་དེ་བས་ཟབ་ཏུ་གྱུར་ཡོད།རྫོང་ཡོངས་ཀྱི་ལས་བྱེད་པ་དང་ལས་བཟོ་2921གིས་ཞིང་འབྲོག་དུད་ཚང་12870ཡི་ཞིང་འབྲོག་པ་5168Oདང་ཆ་སྒྲིག་རོགས་སྐྱོར་གྱི་འབྲེལ་བ་བཙུགས་པ་དང་།ལས་སྒྲུབ་ཚོ་ཆུང1300ལྷག་གྲོང་ཚོར་ཕྱིན་ནས་གཉེན་ཉེ་ལ་ལྟ་སར་འགྲོ་བ་དང་བདེ་དྲོད་སྐྱེལ་བ།དོན་དངོས་བསྒྲུབས་པ་མ་ཟད།མང་ཚོགས་ཀྱི་བསམ་འཆར་6000ལྷག་བསྡུ་ལེན་བྱས་པ་དང་།མང་ཚོགས་ཀྱི་དཀའ་ངལ་དང་གནད་དོན་3183དང་འགལ་བ་དང་རྩོད་གཞི་667ཐག་བཅད་པ།མ་དངུལ་དང་དངོས་རྫས་ཁྱོན་བསྡོམས་སྒོར་ཁྲི་967ཕུལ་བ།མང་ཚོགས་ཁྲི་5.6ལ་ལག་རྩལ་དང་ཕྱུག་འགྱུར་གྱི་ཆ་འཕྲིན་འདོན་སྤྲོད་དང་བློ་འདྲིའི་ཞབས་འདེགས་ཞུས་པ།བློ་མཐུན་ཕྱོགས་མཐུན་གྱི་བྱེད་སྒོ་སྤེལ་ནས་སེམས་ཕྱོགས་མཐུན་ཤུགས་ཇེ་ཆེ་རུ་བཏང་བ།རྫོང་དེས་འགོ་ཁྲིད་ལས་བྱེད་པ་157གྱིས་དགོན་པ་42དང་འབྲེལ་བྱེད་པ་དང་།ལས་བྱེད་པ་དང་ལས་བཟོས་གྲྭ་བཙུན་ཡོད་ཚད་དང་ཆ་སྒྲིག་འབྲེལ་བ་བྱེད་པ་མ་ཟད།མ་དངུལ་སྒོར་ཁྲི་1300ལྷག་མཐུན་སྦྱོར་བྱས་ནས་དགོན་པར་དོན་དངོས་55བསྒྲུབས་ཡོད།གཅེས་སེམས་ཕུལ་ནས་རོགས་སྐྱོར་གྱི་བྱེད་སྒོ་སྤེལ་ནས་དུས་ཐོག་ཏུ་གྲོང་རྡལ་གྱི་གསུམ་མེད་མི་སྣ་746དང་འགན་ལེན་ལྔའི་དུད་ཚང་ལ་འཚོ་བ་འགན་ལེན་གྱི་མ་དངུལ་སྒོར་ཁྲི453ལག་ཐོག་སྤྲད་པ།གཅེས་སེམས་ལྡན་པའི་ཨ་མ100ཡིས་དྭ་ཕྲུག་160དང་ཆ་སྒྲིག་བྱས་ནས་གཅེས་སེམས་ཕུལ་བ་དང་རོགས་སྐྱོར་གྱི་བྱེད་སྒོ་སྤེལ་བ་མ་ཟད།གཅེས་སེམས་ཕུལ་བའི་མ་དངུལ་དང་དངོས་རྫས་ཁྱོན་བསྡོམས་སྒོར་ཁྲི127ལྷག་ཕུལ་བ།དྲིལ་བསྒྲགས་དང་སློབ་གསོ།ཁྲིད་སྟོན་བཅས་ཀྱི་བྱེད་སྒོ་སྤེལ་ནས་རྒྱ་བོད་ཤན་སྦྱར་གྱི་དྲིལ་བསྒྲགས་ཡིག་རིགས་དང་འོད་སྡེར་2100ལྷག་བཟོས་ཡོད།གཅིག་ཐོག་མང་སྣོན་གྱིས”བརྗོད་བྱ་གཙོ་བོའི་བྱེད་སྒོ་ཐེངས་2000ལྷག་དང་བརྗོད་བྱ་གཙོ་བའི་སྒྲོག་འགྲེལ་གྱི་བྱེད་སྒོ་ཐེངས་1900 ཚགས་པར་ཀློག་པའི་བྱེད་སྒོ་ཐེངས་5300 གྲོང་ཚོར་ལྔ་སྐྱེལ་བའི་བྱེད་སྒོ་ཐེངས་119བཅས་སྤེལ་བ།མཉམ་སྐྲུན་མཉམ་གཏོད་ཀྱི་བྱེད་སྒོ་སྤེལ་བ་དེས་གཞི་རིམ་གྱི་བཙན་རྫོང་སྲ་བརྟན་དུ་བཏང་ཡོད།རྫོང་ཡོངས་ཀྱི་ལས་ཁུངས་ཀྱི་ཏང་ཀྲི་པུའུ99ཡིས་གྲོང་ཚོ(འདུས་སྡེ)220ཡི་ཏང་ཀྲི་པུའུ་ལ་ཆ་སྒྲིག་རོགས་སྐྱོར་བྱེད་པ་དང་།ཞིང་འབྲོག་པ་469ཏང་ནང་དུ་སྡུད་པ།འབྱོར་ཐོ་འགོད་པ་གཉིས་དང་ཏང་ཡོན་གྱི་འོས་འགན་ངལ་རྩོལ་ཉིན་གྱི་བྱེད་སྒོ་ཐེངས་114སྤེལ་བ།བདེ་སྐྱིད་ལྡན་པའི་ལས་གྲྭས་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་གཏོང་།རྫོང་དེས་མ་དངུལ་སྒོར་ཁྲི་1600བཏང་ནས་དུད་ཚང་2500ཡི་ཉེན་ཁ་རིམ་པ་གསུམ་ལྡན་གྱི་སྡོད་ཁང་བསྒྱུར་བཀོད་དང་སྡོད་ཁང་ཐད་ཀྱི་དཀའ་ངལ་ཐག་བཅད་པ་དང་།ཞིང་སྡེའི་ངལ་རྩོལ་པ་ཁྲི་0.9ས་གནས་གཞན་དུ་ལས་ཀ་བྱེད་དུ་མངགས་ནས་ཡོང་འབབ་སྒོར་དུང་ཕྱུར་གཅིག་ལོན་པ།མི་ཁྲི2.8ལ་ཐུམ་འབུའི་ནད་ཡོད་མེད་འདེམས་ཞིབ་བྱས་པ།མི་ཁྲི་2.5གྲོང་ཁྱེར་དང་གྲོང་གསེབ་ཡུལ་མིའི་རྩ་བའི་སྨན་བཅོས་ཉེན་འགོག་འགན་ལེན་ནང་ཞུགས་བཅུག་ཡོད།མ་དངུལ་སྒོར་ཁྲི་6500བཏང་ནས་སློབ་གསོའི་ཆ་རྐྱེན་ལེགས་བཅོས་བྱས་པ།མ་དངུལ་སྒོར་དུང་ཕྱུར་3ལེགས་སྒྲིག་བྱས་ནས་མང་ཚོགས་ཁྲི་གཅིག་གི་ཉེན་མེད་འཐུང་ཆུ་དང་མང་ཚོགས་ཁྲི1.5གློག་སྤྱོད་མི་ཐུབ་པ།མང་ཚོགས་ཁྲི2ཕྱིར་འགྲོ་དཀའ་བའི་འགྲིམ་འགྲུལ་ཐད་ཀྱི་གནད་དོན་བཅས་ཐག་བཅད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག