མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

དཔལ་ཡུལ་རྫོང་གིས་ཤང་དང་གྲོང་སྡེའི་དམངས་གཙོ་འཚོ་བའི་ཚོགས་འདུའི་ཐོག་སྦ་གསང་མེད་པར་སྙིང་གཏམ་བཤད་རེས་བྱས།

  ཡོང་ཁུངས། ཁམས་པའི་དྲ་བ།  2014-09-18 10:27

ཟླ9པའི་ཚེས7ཉིན་དཔལ་ཡུལ་རྫོང་ཧོར་སྤོ་ཤང་གིས་འཚོགས་པའི་ཤང་དང་གྲོང་སྡེའི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་ཐོག ཚོགས་འདུར་ཞུགས་པའི་མི་སེར་ཚོས་སྦས་གསང་མེད་པར་ཤང་གི་ལས་བྱེད་པར་བསམ་འཆར་བཏོན་ནས་སྐྱོན་བརྗོད་བྱས་པ་རེད།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཧོར་སྤོ་ཤང་གི་སློབ་གསོ་ལག་ལེན་གྱི་བྱེད་སྒོའི་ཤང་དང་གྲོང་སྡེའི་དམངས་གཙོ་འཚོ་བའི་ཚོགས་འདུའི་སྤུས་ཀ་བཟང་ཞིང་འབྲས་བུ་ཐོབ་པར་ཁག་ཐེག་བྱེད་ཆེད།རྫོང་དེའི་རྫོང་ཨུའི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་གཞུང་ལས་ཁང་དང་རྫོང་ཨུའི་རྩ་འཛུགས་པུའུ་གཉིས་ཀྱིས་གཟབ་ནན་གྱིས་ཁྲིད་སྟོན་བྱས་པ་རེད།སློབ་སྦྱོང་བྱས་པར་བརྒྱུད་ནས་ཤང་གི་འགོ་ཁྲིད་ཚོགས་པའི་གྲུབ་མི་དང་ལས་བྱེད་པ་ཚོར་སློབ་གསོ་ཟབ་མོ་ཐོབ་པ་བྱས་ཏེ་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་འཚོག་རྒྱུ་ལ་བསམ་བློའི་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།གནད་དོན་འཚོལ་བའི་ལྷུ་ཚིགས་ཐད་རྫོང་ཨུའི་ལས་སྒྲུབ་ཚོ་ཆུང་གིས་ཤང་ཏང་ཨུའི་འགོ་ཁྲིད་ཚོགས་པའི་གྲུབ་མི་དང་སྙིང་གཏམ་བཤད་རེས་བྱས་ཏེ་གནད་དོན་དང་རྒྱུ་རྐྱེན་འཚོལ་རོགས་བྱས་ནས་འགོ་ཁྲིད་ཚོགས་པའི་གྲུབ་མི་ལ་ལའི་ལས་འགན་སྤྲད་རྒྱུ་ཙམ་གྱི་བསམ་བློ་འཛིན་པའི་རྣམ་པ་ཡོ་བསྲང་བྱས་པ་རེད།རྫོང་ཨུའི་ལྟ་སྐུལ་ཁྲིད་སྟོན་ཚོ་ཆུང་དང་རྫོང་ཨུའི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་གཞུང་ལས་ཁང་གིས་ཧོར་སྤོས་ཤང་གི་ཞིབ་བསྡུར་ཞིབ་བཤེར་གྱི་དཔྱད་གཞིའི་ཡིག་རིགས་ལ་དཔྱད་ཞིབ་ནན་པོ་བྱས་མཐར།འགོ་ཁྲིད་ཚོགས་པའི་གྲུབ་མི7གྱིས་རང་འཚོལ་བྱེད་པའི་གནད་དོན186ཡོད་པ་རེད།

དམངས་གཙོ་འཚོ་བའི་ཚོགས་འདུ་འཚོགས་རྗེས་ཧོར་སྤོས་ཤང་ཏང་ཨུའི་ཧྲུའུ་ཅིས་བཤད་དོན།ཐེངས་འདིར་འཚོགས་པའི་དམངས་གཙོ་འཚོ་བའི་ཚོགས་འདུ་ནི་ང་རང་ལས་ཀར་ཞུགས་ནས་ལོ20ལྷག་གི་རིང་ལ་མྱོང་ཚོར་ཆེས་ཟབ་ལ། སློབ་གསོ་ཆེས་ཡག་པོ་ཐོབ་པའི་ཏང་ནང་ཁུལ་གྱི་དམངས་གཙོ་འཚོ་བའི་ཚོགས་འདུ་ཞིག་རེད། ཚོགས་འདུ་ལ་ཞུགས་མཁན་ཚོས་དོགས་ཟོན་མེད་པའི་སྒོ་ནས་རང་ཉིད་ཀྱི་མི་འདང་ས་བཤད་པ་དང་། སྦས་གསང་མེད་པར་གཞན་ལ་སྐྱོན་བརྗོད་སློབ་གསོ་བྱས་པ་རེད།བློ་མཐུན་བར་ལ་མཐུན་སྒྲིལ་ཡོད་ལ་ཕན་ཚུན་སྐྱོན་བརྗོད་བྱས་ནས་དངོས་གནས་ཀྱི་གྲུབ་འབྲས་ཐོབ་ཡོད།དེ་འདྲ་ཡིན་ཕྱིར་མི་དང་མི་བར་ལ་འཁོན་འཛིན་མེད་ལ། ཕན་ཚུན་རོགས་རམ་ཐེབས་པར་ཕྱིན་ཆད་ལས་ཀ་སོ་སོ་ཡག་པོ་བསྒྲུབ་པར་ཕན་ཐོགས་ཆེན་པོ་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག