མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

ལྕགས་ཟམ་རྫོང་གིས་གནོད་སྐྱོན་ཐེབས་རྗེས་ཀྱི་ཁྱིམ་གཞིས་བསྐྱར་འཛུགས་བྱེད་ཤུགས་ཆེ་རུ་བཏང་།

  ཡོང་ཁུངས། ཁམས་པའི་དྲ་བ།  2014-09-18 10:26

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལྕགས་ཟམ་རྫོང་གིས་གནོད་སྐྱོན་ཐེབས་རྗེས་ཀྱི་ཁྱིམ་གཞིས་བསྐྱར་འཛུགས་ལས་ཀར་ཤུགས་སྣོན་བརྒྱབ་པ་རེད།མིག་སྔའི་བར་དུ་སླེབས་སྐབས་ལས་ཀ་སོ་སོ་བདེ་བླགས་ངང་སྤེལ་བཞིན་ཡོད་པ་རེད།

ཟླ་བ9པའི་ཚེས11ཉིན་གསར་འགྱུར་ཐོ་འགོད་པས་ལྕགས་ཟམ་རྫོང་གྲོང་ཁྱེར་དང་གྲོང་རྡལ།ཞིང་སྡེའི་སྡོད་ཁང་འཛུགས་སྐྲུན་ཅུས་ནས་ཤེས་རྟོགས་བྱུང་དོན།མིག་སྔའི་བར་དུ་སླེབས་སྐབས་གྲོང་རྡལ་ཡུལ་མིའི་དུད་ཚང2398དང་ཞིང་སྡེའི་ཡུལ་མིའི་དུད་ཚང13502ཀྱི་སྡོད་ཁང་ཉམས་གསོ་སྲ་བརྟན་བྱ་རྒྱུའི་ལས་འགན་ཁྱོན་ཡོངས་ནས་གྲུབ་ཡོད།ཁག་དབྱེ་ནས་ཁ་གསབ་རོགས་དངུལ་སྒོར་ཁྲི355.8དང་སྒོར་ཁྲི2223.2འཛིན་སྤྲོད་དངུལ་ལེན་བྱས་ཡོད་པ་རེད།དེ་དང་ཆབས་ཅིག ཞིང་སྡེ་ཡུལ་མིའི་དུད་ཚང2475ཡི་སྡོད་ཁང་ཇེ་མགྱོ གས་སུ་བསྐྱར་བསྐྲུན་བྱས་ནས་འཛུགས་སྐྲུན་བྱེད་བཞིན་པའི་དུད་ཚང787ཡོད་པས་ལས་འགན་གྱི་བསྡོམས་གྲངས་ལས་བརྒྱ་ཆ31.8བཟུང་བ་དང་།ཨར་ལས་མཇུག་བསྒྲིལ་བའི་ཞིང་པའི་དུད་ཚང1688ཡོད་པས་ལས་འགན་གྱི་བསྡོམས་གྲངས་ལས་བརྒྱ་ཆ68.2བཟུང་བ་དེར་ཁ་གསབ་རོགས་དངུལ་སྒོར་ཁྲི2276.4འཛིན་སྤྲོད་དངུལ་བྱས་ཡོད་པ་རེད།

རྨང་གཞི་དེའི་ཐོག་འདུས་སྡོད་ཀྱི་གྲོང་སྡེ་གསར་པ12ཀྱི་འཛུགས་སྐྲུན་བདེ་བླགས་ངང་སྤེལ་བཞིན་ཡོད་ཅིང་། སྡོད་ཁང་བསྐྱར་འཛུགས་བྱེད་དགོས་པའི་ཞིང་པའི་དུད་ཚང743ཡོད་པའི་ནང་འཛུགས་སྐྲུན་བྱེད་་བཞིན་པའི་དུད་ཚང331ཡོད་པས་ལས་འགན་གྱི་བསྡོམས་གྲངས་ལས་བརྒྱ་ཆ44.5བཟུང་བ་རེད།ཨར་ལས་མཇུག་བསྒྲིལ་བའི་དུད་ཚང412ཡོད་པས་ལས་འགན་གྱི་བསྡོམས་གྲངས་ལས་བརྒྱ་ཆ55.5བཟུང་བ་རེད།དེ་བཞིན་དུ་ཞིང་སྡེའི་འགན་ལེན་ལྔའི་དུད་ཚང་དང་དམིགས་བསལ་གྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་སྡོད་ཁང་ཡང་གོ་རིམ་ཡོད་པའི་སྒོ་ནས་བསྐྱར་འཛུགས་བྱས་དང་བྱེད་བཞིན་ཡོད་པ་རེད།རྒྱལ་ཁབ་ཀྱི་ཁ་གསབ་རོགས་དངུལ་སྟེར་རྒྱུའི་ཚད་གཞི་དང་སྲིད་གཞུང་གི་དམའ་ཤོས་ཀྱི་རྩ་དོན་ལྟར།འགན་ལེན་ལྔའི་དུད་ཚང17ལ་རྒྱལ་ཁབ་ཀྱི་ཁ་གསབ་རོགས་དངུལ་སྟེར་རྒྱུའི་ཚད་གཞིའི་ཐོག རྫོང་ནོར་སྲིད་ཀྱིས་མ་དངུལ་སྒོར་ཁྲི70.5བཏང་ནས་སྡོད་ཁང་བསྐྱར་བསྐྲུན་བྱས་ཏེ་ད་ལྟ་ཚང་མ་སྡོད་ཁང་གསར་པའི་ནང་སྤོས་ཟིན་པ་རེད། དམིགས་བསལ་གྱི་དཀའ་ངལ་ཡོད་པའི་དུད་ཚང21གིས་སྡོད་ཁང་འཛུགས་སྐྲུན་བྱེད་སའི་གྲོན་དངུལ་དེ་རྒྱ་གྲམ་དམར་པོ་དང་དབང་པོ་སྐྱོན་ཅན་སོགས་ཀྱི་མ་དངུལ་སྙོམས་སྒྲིག་བྱས་ཏེ་འོས་འཚམ་གྱི་ཁ་གསབ་རོགས་དངུལ་སྤྲད་ནས་མགྱོ གས་མྱུར་དུ་འཛུགས་སྐྲུན་བྱ་རྒྱུའི་ཁག་ཐེག་བྱས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག