མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

གུང་གཞོན་ཚོགས་པའི་དཀར་མཛེས་ཁུལ་ཨུས་མང་ཚོགས་ལས་ཀའི་ཕན་འབྲས་སྲ་བརྟན་བཏང་།

  ཡོང་ཁུངས། ཁམས་པའི་དྲ་བ།  2014-09-18 10:26

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མང་ཚོགས་ལས་ཀ་ཡོངས་སུ་སུ་ཁྱབ་པའི་སྲ་བརྟན་མཐོར་འདེགས་བྱེད་པའི་དུས་རིམ་དུ་སླེབས། གུང་གཞོན་ཚོགས་པའི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུས་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་བསྟར་བྱེད་སྒོ་ལ་སྐུལ་འདེད།གཞི་རིམ་ཏང་འཛུགས་ལོ་འཁོར། བཅའ་ཁྲིམས་ལྟར་ཁུལ་འཛུགས་སྐྱོང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་འཛུགས་པ་བཅས་ཀྱི་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ་ཕྱོགས་བསྡོམས་དང་བཅུད་ལེན། ཉམས་མྱོང་གི་བྱེད་ཐབས་སྤྱད་དེ་ཚོགས་འདུའི་སྙིང་དོན་ལ་དམིགས་ནས་གཞི་རིམ་དུ་བསྐྱོད་པ། ལས་གྲྭ་དང་པོར་ཕྱིན་ནས་མང་ཚོགས་ལས་ཀ་ཡག་པོ་བསྒྲུབས་ནས་རང་རྟོགས་ཀྱིས་གཞི་རིམ་མང་ཚོགས་ལ་ཞབས་ཕྱི་བསྒྲུབས་པ་རེད།

གུང་གཞོན་ཚོགས་པའི་ཁུལ་ཨུས“གཅིག་གཉིས་གསུམ་བཞིའི”བསམ་ཕྱོགས་རྒྱུན་འཁྱོངས་བྱས་པ་དཔེར་ན།དུད་ཚང་དང་གྲྭ་བཙུན་ལ་འབྲེལ་བ་བྱེད་པའི་གཙོ་གནད་གཅིག་དམིགས་བསལ་དུ་ཐོན་པ། འཚམས་འདྲི་འབྲེལ་བ་དང་ཁ་པར་གྱིས་འབྲེལ་བ་བྱེད་པའི་ལམ་ལུགས་གཉིས་སྲ་བརྟན་དུ་བཏང་བ། བོད་སྐད་སློབ་སྦྱོང་བྱས་པ་དང“གཅིག་ཐོག་མང་སྣོན་གྱི་སྣེ་ཁྲིད་བྱས་པ།”“ངེས་པར་དུ་འཚམས་འདྲི་བྱེད་དགོས་པ་དྲུག”གི་འགག་རྩ་གསུམ་གཅིག་གྱུར་འཆར་འགོད་བྱས་པ་དང་། ཆ་སྒྲིག་ཉེ་རྩིས་བྱས་པའི་དུད་ཚང་གི་རོགས་སྐྱོར་ཐེབས་རྩ་ཡོད་ཚད་ཡག་པོ་སྤྱད་པ་དང་དུས་ཚིགས་རེར་གཅིག་བསྡུས་ཀྱིས་འཚམས་འདྲི་ཐེངས་རེ་བྱེད་པའི་འཆར་འགོད་བྱས།ཆ་སྒྲིག་ཉེ་རྩིས་བྱས་པའི་དུད་ཚང་གི་བུ་རྒྱུད་རྣམས་དང་མཉམ་དུ་དབྱར་སྒར་སྤེལ་བ་དང་ལས་བྱེད་པའི་ནུས་པ་ཇེ་མཐོ་རུ་བཏང་བར་དམིགས་ནས་དུས་ཚིགས་རེར་ཆེད་དོན་སློབ་ཁྲིད་ཐེངས་གཅིག་སྤེལ་ཏེ་ཆ་སྒྲིག་ཉེ་རྩིས་བྱས་པའི་དུད་ཚང་བར་གྱི་བརྩེ་དུང་མུ་མཐུད་ཇེ་ཟབ་བཏང་བ་མ་ཚད་གཉེན་རིགས་སྒྲིག་པའི་བྱེད་སྒོ་ལའང་སྐུལ་འདེད་ཤུགས་ཆེན་བཏང་བ་རེད།

དང་བླངས་པའི་ཞབས་ཞུ་ས་ཚུགས་བཙུགས་ནས་ལོ་འཁོར་ནང་ཚུན་དུ་རྐང་འཛིན་དང་བླངས་པའི་གསོ་སྐྱོང་སྦྱོང་བརྡར་ཐེངས་གཅིག་སྤེལ་ཏེ་དང་བླངས་པའི་ནུས་པའི་མ་ལག་འཛུགས་སྐྲུན་བྱ་རྒྱུར་དམ་འཛིན་བྱས་པ་དང་། ཟླ་བ11པའི་ཚེས19 ཉིན་གྱི་གཅེས་སེམས་དགེ་སྒྲུབ་ཉིན་མོ་ཡག་པོ་སྤེལ་ཏེ་དམིགས་བསལ་དཀའ་ངལ་ཡོད་པའི་གཞོན་ནུ་ལོ་ཆུང་གི་སྤྱི་ཕན་རྣམ་གྲངས་ལ་སེམས་ཁུར་དང་དོ་ཁུར་བྱས་པ་དང་། 11.19ཉིན་གྱི་གཅེས་སེམས་དགེ་སྒྲུབ་དགོང་ཚོགས་ལ་ཇུས་འགོད་དང་སྒྲིག་འཛུགས། ལག་བསྟར་ཡག་པོ་བྱ་རྒྱུ། སྤྱི་ཚོགས་ནུས་པ་སྐུལ་སློང་རྒྱ་ཆེར་བཏང་ནས་ལས་ཀའི་འབྲེལ་མཐུད་ནུས་པ་ཇེ་མཐོར་གཏང་རྒྱུ། གཞོན་ནུ་ལོ་ཆུང་གི་དམངས་འཚོ་རྣམ་གྲངས་ལ་བརྩོན་ལེན་བྱས་ཏེ་རྒྱུན་ཆད་མེད་པར་གཅེས་སེམས་རོགས་སྐྱོར་གྱི་ལས་ཀ་ཇེ་ཡག་ཏུ་གཏང་བར་བྱ་དགོས།

མ་ལག་ཁྲོད་དུ་རྒྱུན་ཆད་མེད་པར་གཞོན་ནུ་གྲྭ་བཙུན་གྱི་བྱེད་སྒོ་སྤེལ་ཁང་འཛུགས་ཏེ་དགོན་པའི་གྲྭ་བཙུན་ལ་ཞབས་ཞུ་བྱེད་པ་དང་གཞོན་ནུ་གྲྭ་བཙུན་གྱི་རིག་གནས་འཚོ་བར་སྔར་ལྷག་གིས་ཕུན་སུམ་ཚོགས་པ་བྱེད་པ། རྫོང་སོ་སོས་དགོན་པ་རེ་གཏན་ཁེལ་བྱས་ཏེ་དང་བླངས་པས་འབྲེལ་གཏུག་བྱེད་གནས་འཛུགས་ཏེ་སྙིང་གཏམ་བཤད་རེས་དང་སློབ་གསོ་ཁྲིད་སྟོན། བརྩེ་སེམས་དྭགས་མའི་རོགས་སྐྱོར་བཅས་ཀྱི་ཐབས་ཤེས་བརྒྱུད་དེ་ཕྱོགས་གཉིས་ཀས་དང་བླངས་ཞབས་ཞུ་བྱེད་པར་སྐུལ་འདེད་གཏོང་། དགོན་པའི་རོགས་སྐྱོར་ནུས་པ་ཇེ་མཐོར་བཏང་ནས་ལོ་རེར་དཀའ་ངལ་ཡོད་པའི་རྣམ་གྲངས་ཁག་གཅིག་ཐག་གཅོད་བྱས་པ་དང་། དགོན་པ་ཁག་ནས་གྲྭ་བཙུན10བདམས་ཏེ་ཕྱི་རོལ་དུ་ཡུལ་སྐོར་ལ་ཁྲིད་པ་མ་ཚད་ཁྱོན་ཡོངས་ནས་ལུས་པོར་ཞིབ་བཤེར་བྱས་པ་དང་སེམས་མཐུན་ཕྱོགས་མཐུན་གྱི་བྱེད་སྒོ་ཡང་སྤེལ་བ་རེད།

གོ་འཕར་རིམ་འཕར་གྱི་ལས་ཀའི་གཙོ་གནད་དམ་འཛིན་བྱས་པ། ཆ་སྒྲིག་ཏང་ཀྲི་པུའུ་རྩ་འཛུགས་དང་དཔུང་སྡེ། ནང་རྐྱེན་འཛུགས་སྐྱོང་ཇེ་ཟབ་ཏུ་བཏང་ནས་དབུལ་ཕོངས་ཏང(ཐོན)ཡོན་གྱི་རོགས་སྐྱོར་ནང་རྐྱེན་གསར་འཛུགས་བྱས། ལོ་རེར་དབུལ་ཕོངས་ཏང(ཐོན)ཡོན2ལ་ལས་གཉེར་རོགས་སྐྱོར་བྱས་པ་དང་ཞིང་འབྲོག་ཁུལ་གྱི་གཞོན་ནུ་ཚོར་ལས་ཀའི་འཆར་གཞི་གསོ་སྦྱོང་ལག་བསྟར་བྱས། བཞི་གསུམ་གཉིས་གཅིག་གི་བསམ་ཕྱོགས་གཞིར་བཟུང་པ་སྟེ། ཏང་ཞུགས་ཧུར་བརྩོན་པ4དང་གྲོང་གསེབ་རིམ་པའི་རྗེས་གྲབས་ལས་བྱེད་པ3 ཏང་ཡོན་དངོས་པོ་2 གཞོན་ནུ་ཕྱུག་འགྱུར་སྣེ་ཁྲིད་པ1བཅས་གསོ་སྐྱོང་བྱས་ནས་ཏང་ཀྲི་པུའུ་ཡི་མཉམ་འཛུགས་མཉམ་སྐྲུན་སྐོར་ལ་རོགས་འདེགས་བྱས་པ་རེད།

“རྒྱལ་གཅེས། ཁྲིམས་སྲུང་། དྲིན་གཟོ། མཐུན་སྒྲིལ། ཡར་ཐོན།”ཞེས་པའི་གླུ་དབྱངས་བླངས་པ་དང་དྲིལ་བསྒྲགས་པར་འགེལ། ཆེད་དོན་གཏམ་བཤད་བཅས་སྤེལ་ནས་ལོ་ཆུང་གཞོན་ནུ་ཚོའི“རྒྱལ་གཅེས་ཁྲིམས་སྲུང་དང་དྲིན་གཟོ་མཐུན་སྒྲིལ་ཡར་ཐོན”སྐོར་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་རྒྱ་ཆེར་སྤེལ། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག