མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

ཧུའུ་ཁྲང་ཧྲེང་གིས་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་འཚམས་འདྲི་རྟོག་ཞིབ་གནང་།

  ཡོང་ཁུངས། ཁམས་པའི་དྲ་བ།  2014-09-17 10:16

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།ཟླ9པའི་ཚེས10ཉིན་གྱི་སྔ་དྲོར་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་ཨུའི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་ཆེད་དུ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་ཕེབས་ཏེ་དགེ་རྒན་དང་ལས་བཟོ་རྣམས་ལ་འཚམས་འདྲི་གནང་ཞིང་སློབ་གྲྭའི་འཕེལ་རྒྱས་གཏོང་ཚུལ་ལ་གསན་འཇོག་གནང་བ་མ་ཚད།ད་དུང་དགེ་རྒན་འཐུས་མི་དང་བཞུགས་མོལ་གནང་སྟེ་ཁུལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་ཀ་སྒྲུབ་མཁན་ཡོངས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་རེད།ཁོང་གིས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་བྱ་རྒྱུ་དེ་སློབ་གྲྭའི་སློབ་གསོ་བརྒྱུད་རིམ་ནང་འདྲེས་ནས་སློབ་སྲོལ་ཡང་དག་པ་ཞིག་ཆགས་པར་བྱས་ཏེ་ཕུལ་བྱུང་གི་མི་རིགས་རིག་གནས་དེ་ཚན་རིག་དང་མཐུན་པ་འཕེལ་རྒྱས་དང་རྒྱུན་འཛིན་ཡང་པ་བྱས་ཏེ།ཁུལ་ཡོངས་ཀྱི་ཞིང་འབྲོག་པ་མང་ཚོགས་ལ་ཞབས་ཕྱི་སྒྲུབ་མཁན་གྱི་ཕུལ་བྱུང་སློབ་མ་གསོ་སྐྱོང་བཅས་བྱས་ནས་ཁུལ་ཡོངས་ཀྱི་ཞིང་འབྲོག་པ་མང་ཚོགས་ལ་དེང་རབས་དཔལ་ཡོན་གྱི་འཚོ་བ་རོལ་རྒྱུར་ཁྲིད་སྟོན་བྱེད་དགོས་ཞེས་ནན་གསུང་གནང་བ་རེད།

ཧུའུ་ཁྲང་ཧྲེང་གིས་སློབ་གྲྭའི་གང་ཅིའི་ཐད་ཀྱི་གནས་ཚུལ་ལ་ཆ་རྒྱུས་ཟབ་མོ་བླངས་རྗེས་ཞིང་ཆེན་བོད་ཡིག་སློབ་གྲྭས་འབད་འཐབ་བྱས་ནས་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཤིང་།དགེ་རྒན་རྣམས་ལ་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དེ་སློབ་ཁྲིད་དང་སློབ་གསོ་བརྒྱུད་རིམ་ནང་འདྲེས་བསྲེས་བྱེད་པ་དང་།སློབ་མའི་ཆབ་སྲིད་བསམ་བློའི་སློབ་གསོ་ལ་ཤུགས་སྣོན་བརྒྱབ་སྟེ་སློབ་མའི་སེམས་གཏིང་ལ་རྒྱལ་གཅེས་དང་ཁྲིམས་སྲུང་།དྲིན་གཟོ།མཐུན་སྒྲིལ་བཅས་ཀྱི་འདུ་ཤེས་ཆགས་པ་བྱེད་དགོས།སློབ་མ་རྣམས་ལ་ཡང་དག་པའི་མི་ཚེའི་རིན་ཐང་གི་འགྲོ་ཕྱོགས་ཆགས་བཅུག་ནས་སློབ་སྲོལ་བཟང་པོ་ཆགས་པ་བྱས་ཏེ་དངོས་གནས་ཀྱིས་སློབ་མ་ཚང་མར་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་དང་།སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན།ཀྲུང་ཧྭ་མི་རིགས་ལ་དགའ་ཞེན།ཕུལ་དུ་བྱུང་བའི་མི་རིགས་རིག་གནས་ལ་དགའ་ཞེན་བྱེད་དུ་འཇུག་དགོས་ཞེས་ཐུགས་རེ་གནང་བ་རེད།

ཧུའུ་ཁྲང་ཧྲེང་གིས་ནན་གསུང་གནང་དོན།སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དེ་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་ནང་མཚོན་པར་བྱེད་དགོས།སྔར་ལྷག་གིས་དགེ་རྒན་དཔུང་སྡེ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་དགེ་རྒན་གྱི་ཕྱོགས་བསྡུས་བྱང་ཚད་མཐོར་འདེགས་བཏང་ནས་སློབ་གསོའི་གོམས་སྲོལ་དང་སློབ་སྦྱོང་གི་གོམས་སྲོལ་ཡག་པོ་ཞིག་ཆགས་པར་བྱེད་དགོས།དགེ་རྒན་གྱིས་ལས་དགའ་ལས་བཀུར་དང་སློབ་སྦྱོང་གི་མིག་དཔེ་བྱས་ནས་སློབ་མར་འབད་བརྩོན་ལས་བཀུར་བྱ་རྒྱུར་ཁྲིད་སྟོན་བྱ་དགོས།ཤུགས་ཆེན་པོས་སྐད་གྲགས་ཅན་གྱི་དགེ་རྒན་དཔུང་སྡེ་དང་སློབ་ཚན་སྣེ་ཁྲིད་པའི་དཔུང་སྡེ་འཛུགས་སྐྱོང་འཕེལ་རྒྱས་བཏང་ཞིང་གནས་གཅིག་གིས་ཁྱོན་ཡོངས་སྐུལ་ཁྲིད་བྱས་ཏེ་ཕུལ་བྱུང་གི་དགེ་རྒན་གྱི་དཔེ་སྟོན་ནུས་པ་འདོན་སྤེལ་བྱེད་དགོས།དགེ་རྒན་ལ་སྐུལ་མ་གཏོང་བའི་ནང་རྐྱེན་བཙུགས་ནས་ན་གཞོན་དགེ་རྒན་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་དགེ་རྒན་འཕེལ་རྒྱས་གཏོང་བའི་ཐབས་ལམ་རྒྱ་ཆེ་རུ་གཏོང་དགོས།ཁུལ་ཨུའི་རྒྱུན་ཨུ་ཞུས་ཁྲུན་ཞིའུ་འཚམས་འདྲི་རྟོག་ཞིབ་བྱ་བའི་ནང་ཞུགས་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག