མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

དཀར་མཛེས་ཁུལ་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་མཛེས་ལྗོངས་ས་ཁུལ་གྱི་བཟའ་བཅའ་ཉེན་མེད་ཡོང་བར་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་བཏང་།

  ཡོང་ཁུངས། ཁམས་པའི་དྲ་བ།  2014-09-17 10:15

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ལྗོངས་རྒྱུའི་རྫོགས་ལྡན་དུས་ཚིགས་སླེབས་པའི་སྐབས་སུ་བཟའ་བཅའི་མངོན་མེད་རྐྱེན་ངན་མེད་པ་བཟོ་བ་དང་བློ་བདེ་ཉེན་མེད་ཀྱི་བཟའ་བཅའ་མཛད་སྤྱོད་བྱེད་སའི་ཁོར་ཡུག་བཟང་པོ་ཞིག་སྐྲུན་ཆེད། ཉེ་ཆར་ཡུན་ནན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་ལས་སྒྲུབ་ཚོ་ཆུང་བཙུགས་ནས་གཟའ་འཁོར་གཅིག་རིང་ལ་ཁྲིམས་འཛིན་ཞིབ་བཤེར་དང་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་བ་རེད།

ཁྲིམས་འཛིན་མི་སྣས་མཛེས་ལྗོངས་ས་ཁུལ་གྱི་བཟའ་བཅའི་འཛིན་ཡིག་ལེན་པའི་ལམ་ལུགས་འཐུས་ཚང་ཡིན་མིན་དང་།བཟའ་བཅའི་དུས་ཚོད་བརྒལ་ཡོད་མེད།རྫུན་མ་དང་སྤུས་ཞན་གྱི་བཟའ་བཅའ་ཡིན་མིན་བཅས་དང་།བཟའ་བཅའ་བཟོ་ས་གཙོ་བོའི་ཁོར་ཡུག་དང་སྒྲིག་ཆས་ལྷུ་ལག་ལ་མངོན་མེད་རྐྱེན་ངན་ཡོད་མེད།ཤ་སྦྲང་དང་།ཐལ་རྡུལ།བྱི་བ་བཅས་འགོག་ཐུབ་མིན་སོགས་བཟའ་བཅའ་ཉེན་མེད་ཀྱི་གནས་ཚུལ་ལ་ཞིབ་བཤེར་དང་ཁྲིད་སྟོན་བྱས་པ་མ་ཟད།བཟའ་བཅའི་སྡེ་ཚན་གཙོ་བོར་དུས་བཅད་ལྟར་གཙང་བཤེར་ཡག་པོ་བྱེད་དགོས་རྒྱུ་དང་།དུས་ཐོག་ཏུ་དུས་ཚད་ལས་བརྒལ་རན་པའི་བཟའ་བཅའ་སྒྲོམ་གཞི་ནས་མར་ལེན་པ་དང་ཆབས་ཅིག བཟའ་བཅའི་གྲུབ་ཆ་གཙོ་བོས་དུས་བཅད་ལྟར་བདེ་ཐང་ཞིབ་བཤེར་གྱི་ལས་ཀ་དངོས་སུ་ཡག་པོ་སྒྲུབ་དགོས་པའི་ཉེན་བརྡ་གཏོང་དགོས་རྒྱུ།བཟའ་བཅའ་དང་ཟ་འཐུང་སྡེ་ཚན་་དང་ཁྱད་པར་དུ་ཨར་ལས་ལས་ཡུལ་གྱི་ཟ་ཁང་དང་།ལས་ཁུངས་ཀྱི་ཟ་ཁང་།ཞིང་དུད་ཀྱི་སྤྲོ་སྐྱིད་ཁང་སོགས་མི་སྣ་འདུ་འཛོམས་བྱེད་སའི་བཟའ་བཅའ་དང་ཟ་འཐུང་སྡེ་ཚན་གྱིས་ངེས་པར་དུ་བཟའ་བཅའ་ཉེན་མེད་ཡོང་བར་དོགས་གཟབ་བྱེད་དགོས་པ་དང་།རི་སྐྱེས་ཤ་མོ་དང་ཚལ་སྲན།མྱུ་གུ་འབུས་ཟིན་པའི་ཞོག་ཁོག་སོགས་ཉེན་སྐྱོན་ཆེ་བའི་བཟའ་བཅའ་བཟོ་མི་ཉན་པ་སོགས་ཀྱི་ཉེན་བརྡ་བཏང་བ་རེད།དེ་མིན་ཁྲིམས་འཛིན་མི་སྣས་ད་དུང་མཛེས་ལྗོངས་ས་ཁུལ་དུ་《བཟའ་བཅའ་ཉེན་མེད་ཡོང་བའི་བཅའ་ཁྲིམས》སོགས་འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་དང་སློབ་གསོའི་ལས་ཀ་སྤེལ་ནས།བཟའ་བཅའ་ཚོང་གཉེར་དུད་ཚང་ལ་ཁྲིམས་མཐུན་དང་ཁྲིམས་སྲུང་།ཁ་དན་ཚིག་གནས་བཅས་ཀྱི་སྒོས་ཚོང་གཉེར་བྱེད་དགོས་པའི་རེ་བ་བཏོན་པ་རེད།གཟའ་འཁོར་གཅིག་རིང་གི་ཁྲིམས་འཛིན་ཞིབ་བཤེར་དང་།བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་དྲིལ་བསྒྲགས་བྱས་པར་བརྒྱུད་ཕན་ནུས་ལྡན་པའི་སྒོས་མཛེས་ལྗོངས་ས་ཁུལ་གྱི་བཟའ་བཅའ་འཛད་སྤྱོད་ཀྱི་ཁོར་ཡུག་བཟང་དུ་གྱུར་པ་དང་དུས་ཐོག་ཏུ་བཟའ་བཅའི་མངོན་མེད་རྐྱེན་ངན་མེད་པ་བཟོས་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག