མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

དཀར་མཛེས་ཁུལ་དང་མེ་ཧྲན་བཟོ་ལས་ལྡུམ་ཁུལ་གྱིས་ལོ་རེར་ཐོན་ཚད་ཏུན་ཁྲི་20ཡོད་པའི་བཟོ་ལས་དང་ཨར་ལས་རྒྱུ་ཆས་རྣམ་གྲངས་ལས་འགོ་ཚུགས།

  ཡོང་ཁུངས། ཁམས་པའི་དྲ་བ།  2014-09-17 10:15

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས28ཉིན། སི་ཁྲོན་དབྱང་ཀོང་ཅན་ཏོན་ཧ་ཡང་ལས་རིགས་ཚད་ཡོད་སྤྱི་གཉེར་ཁང་གིས་ལོ་རེར་ཐོན་ཚད་ཏུན་ཁྲི20ཡོད་པའི་བཟོ་ལས་དང་ཨར་ལས་རྒྱུ་ཆས་རྣམ་གྲངས་ལས་འགོ་ཚུགས་པའི་མཛད་སྒོ་སྤེལ་བ་རེད།དེ་ནི་དཀར་མཛེས་ཁུལ་དང་མེ་ཧྲན་བར་བཟོ་ལས་ལྡུམ་ཁུལ་མཉམ་འཛུགས་བྱས་པ་ནས་བཟུང་ནང་འདྲེན་བྱས་པའི་ཞིང་ཆེན་གྱི་རྣམ་གྲངས་གལ་ཆེ་ཐོག་མ་དངོས་སུ་ལས་འགོ་ཚུགས་པའི་མཚོན་ཚུལ་ཞིག་རེད།རྣམ་གྲངས་འདི་ལས་འགོ་ཚུགས་པ་དེས་ལྡུམ་ཁུལ་གྱི་ཐོན་ལས་གསོ་སྐྱོང་དང་འཕེལ་རྒྱས་མགྱོགས་པོ་ཡོང་བར་སྐུལ་འདེད་ཤུགས་ཆེན་གཏོང་ཐུབ་པ་རེད།

མ་དངུལ་ཁྱོན་བསྡོམས་སྒོར་དུང་ཕྱུར40གཏོང་འཇོག་བྱེད་པ་དང་ས་མུའུ2000བཟུང་བའི་དབྱང་ཀོང་ཅན་ཏོན་ཐོན་ལས་ལྡུམ་ཁུལ་རྣམ་གྲངས་ཀྱི་འཛུགས་སྐྲུན་དུས་ཡུན་ལོ3གསུམ་ཡིན་པ་རེད།ལོ་རེར་ཐོན་ཚད་ཏུན་ཁྲི20ཡོད་པའི་ཧ་ཡང་ལྕགས་བསྲེས་མ་གསར་པའི་རྒྱུ་ཆས་ཐོན་སྐྱེད་བྱེད་པའི་ནུས་པ་ཡོད་པ་དང་ལོ་རེའི་ཐོན་ཚད་རིན་ཐང་སྒོར་དུང་ཕྱུར50འགྲུབ་པ་དང་། དཔྱ་ཁྲལ་ཡོང་འབབ་སྒོར་དུང་ཕྱུར2ཡོད་པ་དང་། མི5000ཡི་ལས་ཞུགས་གནད་དོན་ཐག་གཅོད་བྱེད་ཆོག་པ་རེད། མིག་སྔར་ལས་འགོ་ཚུགས་པའི་དུས་རིམ་དང་པོའི་ཨར་ལས་ཐད་མ་དངུལ་སྒོར་དུང་ཕྱུར20འཇོག་རྒྱུ་དང་།ཨར་ལས་འཛུགས་སྐྲུན་གྱི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི51ཡོད་ཅིང་། ཞིབ་འཇུག་དང་གསར་འབྱེད། ཐོན་སྐྱེད།་ཕྱིར་ཚོང་བ་བཅས་གཅིག་འདུས་ཀྱི་ནུས་པ་ཡོད་པ་རེད།སྔོན་རྩིས་བྱས་ན2015ལོའི་ཟླ་བ8པར་ཐོན་སྐྱེད་ཀྱི་ལས་གྲྭ་དང་པོས་ཐོན་སྐྱེད་ཚོད་ལྟ་བྱེད་འགོ་ཚུགས་ཐུབ་རྒྱུ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག