མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

གློག་བརྙན《ཁོང་གི་མིང་ལ་བསོད་ལྷ་ཟེར》ཞེས་པ་དེ་སི་ཁྲོན་ཞིང་ཆེན་རྔ་པ་རྫོང་དུ་པར་ལེན་བྱེད་འགོ་ཚུགས་པ།

  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།  2014-08-16 12:30

    སི་ཁྲོན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།ཉེ་དུས་གློག་བརྙན《ཁོང་གི་མིང་ལ་བསོད་ལྷ་ཟེར》ཞེས་པ་དེ་སི་ཁྲོན་ཞིང་ཆེན་རྔ་པ་རྫོང་གི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་པར་ལེན་བྱེད་འགོ་ཚུགས་པ་རེད།

    གློག་བརྙན་དེའི་ནང་དེང་རབས་ཨ་མདོའི་བོད་རིགས་གཞོན་ནུ་ཕོ་མོའི་དབར་གྱི་ཡིད་སྐྱོ་ཞིང་མཛེས་སྡུག་ལྡན་པའི་བརྩེ་དུང་སྐོར་བཀོད་དེ་རྔ་པ་རྫོང་གི་ཡུལ་སྲོལ་གོམས་གཤིས་དང་དེ་བཞིན་རང་བྱུང་མཛེས་ལྗོངས་གཅིག་ཏུ་འདུས་ཡོད་པས་གློག་བརྙན་དེ་བརྗོད་བྱའི་ཡུལ་དང་བསམ་པའི་འཆར་སྒོ་གཉིས་ཡུག་གཅིག་ཏུ་འདྲེས་པ་དང་ལྟད་མོ་ཧ་ཅང་ཆེན་པོ་ཡོད།གློག་བརྙན་དེའི་པར་ལེན་ཚོགས་ཆུང་གི་ཁོངས་མི་པེ་ཅིང་གི་གྲགས་ཅན་སྒྱུ་རྩལ་སློབ་གླིང་ནས་ཐོན་པའམ་ཡང་ན་ཆེད་ལས་གློག་བརྙན་འཁྲབ་རྒྱུའི་ཕུགས་འདུན་འཆང་མཁན་ཤ་སྟག་ཡིན་པ་དང་ཕུལ་བྱུང་གི་འཁྲབ་སྟོན་པ་དང་ཆེད་ལས་ཀྱི་པར་ལེན་རུ་ཁག་ཡོད་ལ་ལས་རིགས་དེའི་ནང་སྐད་གྲགས་གང་ཙམ་ལྡན་པའི་ཐོན་རྫས་ཀུང་སི་ཡང་ཡོད་པས་བོད་རིགས་ས་ཁུལ་གྱི་གློག་བརྙན་དྲ་ཚུགས་ཆེ་གྲས་ཁག་དང་དེ་བཞིན་རྔ་པ་རྫོང་སྲིད་གཞུང་དང་རྫོང་ཡུལ་སྐོར་ཅུས་ཀྱིས་མཉམ་དུ་མ་དངུལ་བཏང་བའི་བོད་རིགས་ཁུལ་དེ་རང་གི་གློག་བརྙན་གསར་ཤོས་ཀྱི་གྲས་ཤིག་ཡིན།གློག་བརྙན་གྱི་པར་ལེན་བདེ་བླག་བྱུང་བ་དེས་རྔ་པ་རྫོང་གི་རིག་གནས་ཡུལ་སྐོར་ཐད་སྐུལ་འདེད་ཀྱི་ནུས་པ་ཤུགས་ཆེན་ཐོན་རྒྱུ་ཡིན་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག