མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

རྨ་ཆུའི་ཁུག་པ་དགུའི་ཁུག་དང་པོ།

  ཡོང་ཁུངས། བོད་ལྗོངས་གསར་འགྱུར་དྲ་བ།  2014-07-15 10:12

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྨ་ཆུའི་ཁུག་པ་དགུའི་ཁུག་དང་པོ་དེ་སི་ཁྲོན་ཞིང་ཆེན་མཛོད་དགེ་རྫོང་ཐང་སྐོར་ཤང་སོག་ཚང་དགོན་པའི་མདུན་དུ་ཡོད་ཅིང་།བ་ཡན་ཧ་རི་ནས་བྱུང་བའི་རྨ་ཆུ་དེ་སྦྲུལ་འཁྱུག་པ་ལྟར་རིམ་བཞིན་ཤར་ཕྱོགས་ཀྱི་སི་ཁྲོན་ཕྱོགས་སུ་རྒྱུག་གི་ཡོད།འོན་ཀྱང་སོག་ཚང་དགོན་པའི་མདུན་དུ་དཀར་ཆུ་དང་འདྲེས་ནས་ཡང་ནུབ་བྱང་ཕྱོགས་སུ་རྒྱུག་སྟེ་རྨ་ཆུའི་ཁུག་པ་དགུའི་ཁུག་དང་པོ་དེ་ཆགས་པ་རེད།

    དབྱར་དུས་ཀྱི་རྨ་ཆུའི་ཁུག་པ་དགུའི་ཁུག་དང་པོའི་ཆུ་རྒྱུན་དལ་ཞིང་འཇམ་པ་དང་།རྩྭ་ཐང་སྔོ་ཞིང་སྟུག་པ།ཆུ་དྭངས་ཤིང་གཙང་བས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མང་པོ་དེ་གར་མཛེས་ལྗོངས་ལ་ལྟ་བར་ཡོང་རྒྱུའི་ཡིད་དབང་འཕྲོག་ཅིང་།

    

    འདི་ནི་སི་ཁྲོན་ཞིང་ཆེན་མཛོད་དགེ་རྫོང་ཐང་སྐོར་ཤང་སོག་ཚང་དགོན་པའི་མདུན་དུ་ཡོད་པའི་རྨ་ཆུའི་ཁུག་པ་དགུའི་ཁུག་དང་པོ་ཡིན་པ།(ཟླ་7ཚེས་8ཉིན་པར་བླངས)

    འདི་ནི་རྨ་ཆུའི་ཁུག་པ་དགུའི་ཁུག་དང་པོའི་ཆ་ཤས་ཤིག་ཡིན་པ།(ཟླ་7ཚེས་8ཉིན་པར་བླངས)

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག