མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

“ཁྱིམ་ཚང་འབྲོག་ར”ལས་འབྲོག་པར་འཚོ་བ་གསར་པ་བྱུང་བ།

  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།  2014-06-18 10:55

    གསོ་སྤེལ་གྱི་གཞི་ཁྱོན་དང་ཕན་འབྲས་ཆེ་རུ་གཏོང་བ་དང་།རྩྭ་ཐང་གི་གནོན་ཤུགས་ཆུང་དུ་གཏོང་བ།འབྲོག་ལས་ཐོན་སྐྱེད་དང་འཕེལ་རྒྱས་གཏོང་སྟངས་ལ་འགྱུར་ལྡོག་གཏོང་བ་བཅས་ཀྱི་ཆེད་སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཧུང་ཡོན་རྫོང་གིས་གཞི་ཁྱོན་འོས་འཚམས་ལྡན་པའི་དེང་དུས་ཁྱིམ་ཚང་འབྲོག་ར་འཛུགས་སྐྲུན་བྱས་ཤིང་།རང་མོས་ཀྱི་སྔོན་འགྲོའི་ཆ་རྐྱེན་འོག་འབྲོག་དུད་2ནས་3བར་ལ་སྣེ་ཁྲིད་དང་སྐུལ་འདེད་བྱས་ཏེ་རྩྭ་ཐང་དང་ཕྱུགས་རིགས་འབྲོག་དུད་གཅིག་ལ་གཅིག་སྡུད་བྱས་ནས་ཚད་དང་ལྡན་པའི་གསོ་སྤེལ་གྱི་གཞི་ཁྱོན་ཞིག་ཏུ་འགྱུར་བ་བྱེད་པ་དང་འབྲེལ་མི་ཐབས་ལ་བརྟེན་ནས་རྩྭ་འདེབས་པ་དང་།ཁུལ་དབྱེ་ནས་ཕྱུགས་ཟོག་འཚོ་རེས་དང་དེ་དང་འཚམས་པའི་རྩྭ་ལས་འཕྲུལ་ཆས་སྒྲིག་སྦྱོར་བཅས་བྱས་ཡོད།མིག་སྔར་ཧུང་ཡོན་རྫོང་གིས་ཨ་མོ་ཤང་དང་།སྦྲ་ཆེན་གྲོང་རྡལ།ཁྱུང་མཆུ་གྲོང་རྡལ་སོགས་ཤང་གྲོང་དུ་དེང་དུས་ཀྱི་ཁྱིམ་ཚང་འབྲོག་ར་དུད་ཚང་133བཙུགས་ཡོད་ཅིང་།འདི་ནི་སི་ཁྲོན་ཞིང་ཆེན་ཧུང་ཡོན་རྫོང་ཁྱུང་མཆུ་གྲོང་རྡལ་གྱི་འབྲོག་རའི་ཟུར་ཞིག་ཡིན་པ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག