མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

ཟི་ཁྲོན་རྔ་བའི་རྐ་ཁོག་གནམ་ཐང་གི་མཁའ་སྐྱོད་ཚོད་ལྟ་ལེགས་གྲུབ་ཟིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2014-06-09 10:15

མཁའ་སྐྱོད་ཚོད་ལྟ་བྱེད་བཞིན་པའི་ཀྲུང་གོའི་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་སིའི་འགྲུལ་སྐྱེལ་གནམ་གྲུ A319རྟགས་ཅན།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས5ཉིན། ཀྲུང་གོའི་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་སིའི་འགྲུལ་སྐྱེལ་གནམ་གྲུ A319རྟགས་ཅན་བདེ་བླག་ངང་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི3535ཡོད་པའི་ཟི་ཁྲོན་རྐ་ཁོག་གནམ་ཐང་དུ་འབབ་པ་དང་། དེས་ད་ཐེངས་ཀྱི་མཁའ་སྐྱོད་ཚོད་ལྟ་ལེགས་གྲུབ་ཟིན་པ་དེ་མཚོན་ཐུབ་ལ། ཧུང་ཡོན་གནམ་ཐང་གི་འགྲུལ་སྐྱེལ་གནམ་གྲུ་དངོས་སུ་སྤྱོད་འགོ་ཚུགས་པ་དེ་མཚོན་ཐུབ།

རྐ་ཁོག་གནམ་ཐང་དེ་རྐ་ཁོག་རྫོང་དུ་གནས་ཡོད་པ་དང་། 2012ལོའི་སྤྱི་ཟླ7པར་སྐྲུན་འགོ་ཚུགས་ཡོད་ལ་ཁྱོནསྒོར་དུང་ཕྱུར8.86མ་འཇོག་བྱས་ཡོད་པ་རེད།

ཤེས་རྟོགས་བྱུང་བར། གནམ་གྲུ་ཤར་གཏོང་ཐུབ་རྗེས། ཁྲེན་ཏུའི་མཁའ་ལམ་ཤར་གཏོང་བྱེད་པ་ཕུད། ད་དུང་རིམ་བཞིན་ཁྲུང་ཆིང་དང་ཞི་ཨན། ཀུའེ་ཡང་། ཁུན་མིང་། ལྷ་ས། ལན་ཀྲའུ་གྲོང་ཁྱེར་བཅས་སུ་ཐད་འཕུར་མཁའ་ལམ་ཤར་གཏོང་བྱེད་རྒྱུ་ཡིན་པ་རེད། ད་མིན། མཚོ་རྒྱུད་ཀྱི་གྲོང་ཁྱེར་དང་ཤར་ཕྱོགས་ཀྱི་གྲོང་ཁྱེར་ཆེ་འབྲིང་ཚང་མར་རྐ་ཁོག་གནམ་ཐང་དུ་ཐད་འཕུར་གྱི་མཁའ་ལམ་ཤར་གཏོང་བྱེད་རྒྱུ་ཡིན་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག