མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

“སི་ཁྲོན་དཀར་མཛེས་བོད་ཁུལ་གྱི་རིག་གནས་གནས་སྐོར་དྲིལ་བསྒྲགས་བཟའ་འཁོར་བྱ་འགུལ”པེ་ཅིན་དུ་སྐྱོད་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-06-06 10:44

“སི་ཁྲོན་དཀར་མཛེས་བོད་ཁུལ་གྱི་རིག་གནས་གནས་སྐོར་དྲིལ་བསྒྲགས་བཟའ་འཁོར་བྱ་འགུལ”སྤེལ་འགོ་བརྩམས་པའི་མཛད་སྒོ་པེ་ཅིན་མི་རིགས་རིག་གནས་ཕོ་བྲང་དུ་བསྡུས

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  དབྱར་ཟླ་དྲུག་པའི་རྒྱལ་ས་པེ་ཅིན་ནི་ག་ས་གང་དུ་མེ་ཏོག་གིས་ཁེངས་འདུག་པ་དང་སྐྱེས་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་ཞིག་ཤར་འདུག《མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས》གཏན་ལ་ཕབ་ནས་ལོ་འཁོར30ལོན་ལ་ཉེ་བའི་སྐབས།  ཟླ6པའི་ཚེས5ཉིན་གྱི་སྔ་དྲོར། “རྒྱལ་ཡོངས་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཀྱི་གྲུབ་འབྲས་འགྲེམ་སྟོན་ཏེ་གནས་མཆོག་དཀར་མཛེས་པེ་ཅིན་དུ་སྐྱོད་པའམ། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་རིག་གནས་གནས་སྐོར་དྲིལ་བསྒྲགས་བཟའ་འཁོར”བྱ་འགུལ་སྤེལ་འགོ་བརྩམས་པའི་མཛད་སྒོ་པེ་ཅིན་མི་རིགས་རིག་གནས་ཕོ་བྲང་དུ་བསྡུས།  ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་སྲི་ཐར་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་རྟ་མགྲིན་དབང་འབུམ་སོགས་མཛད་སྒོ་སྟེང་ཞུགས།

ཐེངས་འདིའི་བྱ་འགུལ་ནི་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དང་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པ་དང་།  ཀྲུང་གུང་དཀར་མཛེས་ཁུལ་ཏང་ཨུ་དང་དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་།  པེ་ཅིན་མི་རིགས་རིག་གནས་ཕོ་བྲང་།  སི་ཁྲོན་ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་སྒྲུབ་འགན་ཁུར་ཡོད་པ་རེད།

ཤེས་གསལ་བྱུང་བ་ལྟར་ན། ཐེངས་འདིའི་བྱ་འགུལ་ཟླ6པའི་ཚེས11ཉིན་བར་སྤེལ་རྒྱུ་ཡིན་ལ། ནང་དོན་ཐད་སི་ཁྲོན་དཀར་མཛེས་བོད་ཁུལ་གྱི་འཕེལ་རྒྱས་གྲུབ་འབྲས་དང་གནས་སྐོར་པར་རིས་འགྲེམ་སྟོན། སི་ཁྲོན་དཀར་མཛེས་བོད་ཁུལ་གྱི་ཕུལ་བྱུང་རིག་དངོས་དང་དངོས་མིན་ཤུལ་བཞག་རྣམ་གྲངས་འགྲེམ་སྟོན། དཀར་མཛེས་བོད་ཁུལ་གྱི་མི་རིགས་རོལ་མོ་སློབ་གྲྭ་གྲགས་ཅན་དུ་སྐྱེལ་བ་དང་དཀར་མཛེས་བོད་ཁུལ་གྱི་གནས་སྐོར་དྲིལ་བསྒྲགས་མཚམས་སྦྱོར་ཚོགས་འདུ་སོགས་བྱ་འགུལ་འདུས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག