མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

གཟི་རྩ་སྡེ་དགུའི་དབང་བོ་སྐྱོན་ཅན་གྱི་མི་རྒན274ཡིས་འཚོ་བའི་རོགས་དངུལ་ལོངས་སུ་སྤྱོད་ཐུབ་པ།

རྩོམ་པ་པོ། ཕག་གྲུབ་ཀྱིས་བསྒྱུར།  ཡོང་ཁུངས། རྔ་བ་གསར་འགྱུར་དྲ་བ།  2013-11-21 10:30

  ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོར། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གཟི་རྩ་སྡེ་དགུ་རྫོང་གིས་ཐོག་མར་སྣེ་ཁྲིད་ནས་ཁུལ་ཡོངས་སུ“ན་རྒས་ལ་འཚོ་རྟེན་ཡོད་པ”ཅེས་པའི་དབང་བོ་སྐྱོན་ཅན་ལ་རོགས་རམ་དང་རྒན་པོ་འཚོ་སྐྱོང་བྱེད་པའི་ལས་དོན་འགོ་ཚུགས་པ་རེད།
    ཁེ་ལས་མིན་པའི་ལས་དོན་སྡེ་ཚན་ནས་ངལ་གསོས་པའི་ལོ་ན60ཡན་གྱི་མི་རྒས་དབང་བོ་སྐྱོན་ཅན་འཛིན་ཡིག་ཡོད་མཁན་ལ་ལོ་རེར་གཞི་གྲངས་ངེས་ཅན་གྱི་འཚོ་བའི་ཁ་གསབ་མ་དངུལ་སྟེར་བཞིན་ཡོད་ལ། དུས་སྐབས་སྔོན་མའི་བརྟག་དཔྱད་ཞིབ་བསྡུར་བྱས་པ་བརྒྱུད་རྫོང་འདིའི་མི་རྒས་དབང་བོ་སྐྱོན་ཅན་གྱི་འཛིན་ཡིག་ཡོད་མཁན274ཡིས་འཚོ་བའི་རོགས་དངུལ་ལོངས་སུ་སྤྱོད་ཐུབ་པ་བྱུང་ཡོད། མིག་སྔའི་བར་དུ། རྫོང་འདིས2013ལོ་འཁོར་མའི་མི་རྒས་དབང་བོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་རོགས་དངུལ་སྒོར115150གཏོང་སྤྲོད་བྱས་པ་རེད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག