མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

འབར་ཁམས་རྫོང་གི་བོད་རིགས་བུ་མོ་དབང་ཆེན་འཚོས་འཛམ་གླིང་འཇུ་ཌོ་བུམ་པའི་ཁྲོད་ཨང་གཉིས་པ་བླངས།

རྩོམ་པ་པོ། ལྷ་མོ་ཚེ་སྐྱིད།  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2013-11-20 10:23

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ11པའི་ཚེས9ཉིན་ནས་ཚེས10བར། འཛམ་གླིང་འཇུ་ཌོ་བུམ་པ་དེ་མོ་ལེ་སི་ཆུ་རུ་སྤེལ་ཞིང་། སི་ཁྲོན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་འབར་ཁམས་རྫོང་གི་བོད་རིགས་བུ་མོ་དབང་ཆེན་འཚོ་འཕྲེང་རེ་རེར་བརྒྱུད་དེ་རྟིང་རྩོད་དུ་ཞུགས་མཐར་འགྲན་ཚན་འདིའི་སྐྱེས་མའི་འཇུ་ཌོ70kgརིམ་པའི་ཨང་གཉིས་པ་ཐོབ་ནས་ཁོ་མོས་རྒྱལ་སྤྱིའི་འགྲན་ཚན་འདི་རུ་ཆེས་ལེགས་པའི་གྲུབ་འབྲས་བླངས།

རྒྱུས་ལོན་པ་ལྟར་ན། སྐབས་འདིའི་འགྲན་ཚན་དུ་རྒྱལ་ཁབ་དང་ས་ཁུལ20ཡི་ལུས་རྩལ་པ་ཞུགས་ཡོད་ཅིང་། སྡོམ་པས་ལུས་རྩལ་པ15ཐེངས་འདིའི་སྐྱེས་མའི་འཇུ་ཌོ70kgརིམ་པའི་འགྲན་བསྡུར་དུ་ཞུགས་པ་རེད།།

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག