མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

བདེ་སྐྱིད་ལས་གྲྭས་ཞིང་འབྲོག་པར་ཕན་པ་བསྐྲུན།

རྩོམ་པ་པོ། སྒྲོལ་མ་ཚེ་མཚོས་བསྒྱུར།  ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན།  2013-11-20 10:23

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཡོངས་ཀྱི་བདེ་སྐྱིད་ལས་གྲྭས་མ་དངུལ་སྒོར་དུང་ཕྱུར25.68བཏང་ཞིང་།དེའི་ནང(ཟླ་བ10པར་སྒོར་དུང་ཕྱུར2.57)གྲུབ་པ་རེད།ཡན་ལག་རྣམ་གྲངས45ནང་།ཡན་ལག་རྣམ་གྲངས32ཀྱིས་དམིགས་ཚད་འགྲུབ་པའམ་ཚད་ལས་བརྒལ་ནས་འགྲུབ་ཅིང་བརྒྱ་ཆ71ལ་ཟིན་པ་དང་།ཡན་ལག་རྣམ་གྲངས9ཡིས་དམིགས་ཚད་ཀྱི་བརྒྱ་ཆ80ནས90བར་གྲུབ་ཅིང་བརྒྱ་ཆ20ལ་ཟིན་ཞིང་།ཡན་ལག་རྣམ་གྲངས3གྱིས་དམིགས་ཚད་ཀྱི་བརྒྱ་ཆ60ནས79བར་གྲུབ་ཅིང་བརྒྱ་ཆ7ལ་ཟིན།ཡན་ལག་རྣམ་གྲངས1གིས་དམིགས་ཚད་ཀྱི་བརྒྱ་ཆ60མན་ཆད་གྲུབ་ཅིང་།བརྒྱ་ཆ2ལཟིན་པ་རེད།

མང་ཚོགས་བདེ་སྡོད་ལས་བརྩོན་བྱ་སྤྱོད་ཀྱི་སྐོར།དུད་ཚང11500ལ་ཞིང་སྡེའི་རིམ་པ་གསུམ་པའི་ཉེན་ཁ་ཡོད་པའི་སྡོད་ཁང་བསྒྱུར་བཀོད་ཀྱི་ལས་འགན་གྲུབ་ནས་ལོ་འཁོར་དམིགས་ཡུལ་གྱི་བརྒྱ་ཆ100གྲུབ་པ་རེད།སྤྱི་པའི་ཞིང་སྡེའི་བོགས་གཏོང་སྡོད་ཁང510གྲུབ་ཅིང་།(དེའི་ནང་ཟླ་བ10པར་སྡོད་ཁང116གྲུབ་པ།)ལོ་འཁོར་དམིགས་ཡུལ་གྱི་བརྒྱ་ཆ85གྲུབ་ཅིང་།དུད་ཚང401ལ་ནགས་ལས་སྤྱིལ་ཁང་ས་ཁུལ་བསྒྱུར་བཀོད་ཀྱི་ལས་འགན་གྲུབ་པ་རེད།(དེའི་ནང་ཟླ་བ10པར་དུད་ཚང10ཡི་ལས་འགན་གྲུབ་ཅིང་།)ལོ་འཁོར་དམིགས་ཡུལ་གྱི་བརྒྱ་ཆ74.62གྲུབ་པ་རེད།དུད་ཚང208ལ་ཞིང་ལས་སྤྱིལ་ཁང་དུད་ཚང་ས་ཁུལ་བསྒྱུར་བཀོད་ཀྱི་ལས་འགན་གྲུབ་ཅིང་།ལོ་འཁོར་དམིགས་ཡུལ་གྱི་བརྒྱ་ཆ100གྲུབ་པ་རེད།འགན་སྲུང་རང་བཞིན་གྱི་སྡོད་ཁང་1580གྲུབ་ཅིང་།ལོ་འཁོར་དམིགས་ཡུལ་གྱི་བརྒྱ་ཆ100གྲུབ་པ་རེད།དུད་ཚང2400ལ་གླ་ཆུང་སྡོད་ཁང་གི་ཁ་གསབ་རོགས་དངུལ་སྤྲད་ཅིང་།ལོ་འཁོར་དམིགས་ཡུལ་གྱི་བརྒྱ་ཆ75གྲུབ་པ་རེད།དུད་ཚང1120ལ་ས་གཤིས་གནོད་སྐྱོན་འགོག་གཡོལ་གནས་སྤོ་བྱ་རྒྱུའི་ལས་འགན་གྲུབ་ཅིང་།(དེའི་ནང་ཟླ་བ10པར་དུད་ཚང54གྲུབ།)ལོ་འཁོར་དམིགས་ཡུལ་གྱི་བརྒྱ་ཆ108གྲུབ་པ།དུད་ཚང2040ས་ཆ་གཞན་དུ་དབུལ་སྐྱོར་གནས་སྤོ་ལག་བསྟར་བྱས་ཤིང་(དེའི་ནང་ཟླ་བ10པར་དུད་ཚང300ཡི་ཁང་པ་ལས་འགོ་ཚུགས)ལོ་འཁོར་དམིགས་ཡུལ་གྱི་བརྒྱ88.43གྲུབ་པ་རེད།

ངལ་རྩོལ་ཡོང་འབབ་འཕར་སྣོན་གྱི་བྱ་སྤྱོད།གྲོང་རྡལ་གྱི་ལས་ཞུགས་མི་སྣ7373གསར་སྣོན་ཡོང་བ་དང་།(དེའི་ནང་ཟླ་བ10པར་མི་སྣ1310གསར་འཕར་བྱུང་བ།)ལོ་འཁོར་དམིགས་ཡུལ་གྱི་བརྒྱ་ཆ122.88གྲུབ་པ་རེད།ལས་གནས་ལས་བབ་པའི་ལས་ཤོར་མི་སྣ་དང་ས་ཞིང་ཤོར་ཞིང་མེད་པའི་ཞིང་པ་ཚོའི་ནང་ལས་ཞུགས་མི་སྣ1038གསར་འཕར་བྱུང་བ།(དེའི་ནང་ཟླ་བ10པར་མི་སྣ664གསོ་སྦྱོང་བྱས།)ལོ་འཁོར་དམིགས་ཡུལ་གྱི་བརྒྱ་ཆ97.16གྲུབ།ཞིང་འབྲོག་པ་མིའི་ཐེངས་གྲངས་ཁྲི32.54ལ་སྤྱོད་གོ་ཆོད་པའི་ལག་རྩལ་གསོ་སྦྱོང་བྱས་ཤིང་།(དེའི་ནང་ཟླ་བ10པར་མིའི་ཐེངས་གྲངས་ཁྲི9.71གསོ་སྦྱོང་བྱས།)ལོ་འཁོར་དམིགས་ཡུལ་གྱི་བརྒྱ་ཆ108.47གྲུབ།ཞིང་སྡེའི་ངལ་རྩོལ་ནུས་ཤུགས་མིའི་ཐེངས་གྲངས་ཁྲི8.86་ས་ཆ་གཞན་དུ་གླ་རྒྱག་སར་བཏང་ཞིང་།(དེའི་ནང་ཟླ་བ10པར་མི་ཁྲི0.5ས་ཆ་གཞན་དུ་གླ་རྒྱག་སར་བཏང་བ།)ལོ་འཁོར་དམིགས་ཡུལ་གྱི་བརྒྱ་ཆ100.86གྲུབ་པ་རེད།ངལ་རྩོལ་གྱི་ཡོང་འབབ་སྒོར་དུང་ཕྱུར7.57མངོན་འགྱུར་བྱུང་ཞིང་།(དེའི་ནང་ཟླ་བ10པར་སྒོར་དུང་ཕྱུར་0.52མངོན་འགྱུར་བྱུང་བ)ལོ་འཁོར་དམིགས་ཡུལ་གྱི་བརྒྱ་ཆ100.93གྲུབ་པ་རེད།

དམངས་ཡོངས་འགན་སྲུང་བྱ་སྤྱོད།གྲོང་ཁྱེར་དང་གྲོང་གསེབ་ཀྱིས་འགྱུར་བར་ལྡན་པའི་འོག་གི་འགན་སྲུང་བྱེད་དགོས་སར་འགན་སྲུང་བྱས་ཡོད།གྲོང་ཁྱེར་གྱི་མ་མཐའི་འཚོ་རྟེན་འགན་སྲུང་མིའི་ཐེངས་གྲངས་ཁྲི28.23གྲུབ།(དེའི་ནང་ཟླ་བ10པར་མིའི་ཐེངས་གྲངས་ཁྲི2.85ལ་འགན་སྲུང་བྱས)འགན་སྲུང་མ་དངུལ་སྒོར་ཁྲི6059.79བཏང་བ།(དེའི་ནང་ཟླ་བ10པར་སྒོར་ཁྲི་602.92བཏང་བ)མིའི་ཐེངས་གྲངས་ཁྲི249.87ལ་ཞིང་སྡེའི་མ་མཐའི་འཚོ་རྟེན་འགན་སྲུང་བྱས་ཤིང་འགན་སྲུང་མ་དངུལ་སྒོར་ཁྲི19882.82བཏང་བ་རེད།

སློབ་གསོ་རོགས་སྐྱོར་བྱ་སྤྱོད། སློབ་གྲྭའི་སྡོད་ཁང་ཉེན་མེད་བདེ་འཇགས་ཀྱི་ལས་གྲྭ་སྨི་རྒྱ་དཔངས་གྲུ་བཞི་ལྷམ་པ23084དང་ཞོར་གཏོགས་སྒྲིག་ཆས་གྲུབ་ཅིང་།ལོ་འཁོར་དམིགས་ཡུལ་གྱི་བརྒྱ་ཆ100གྲུབ།བྱིས་པ16184གསོ་སྐྱོང་བྱེད་པའི་སྒོར་ཁྲི698.71་རྫོང་སོ་སོར་འགན་སྤྲད་ཚར་བ།མཐོ་འབྲིང་སློབ་མ་དབུལ་ཕོངས་ཅན་ལ་སློབ་དེབ་ཉོ་ཡས་དང་སློབ་དེབ་ཉོ་ཡས་ཁ་གསབ་རོགས་དངུལ་སྒོར་ཁྲི240.98འོག་ཏུ་སྤྲད་པ་རེད།

བདེ་ཐང་གཅེས་སེམས་ཀྱི་བྱ་སྤྱོད།སྨན་ཡོན་མི་དགོས་ནས་མིག་ནད་ཕོག་མཁན11886་ལ་ཞིབ་བཤེར་འདེམས་གསེས་བྱས་ཤིང་(དེའི་ནང་ཟླ་བ10པར3056ཞིབ་གསེས་བྱས་པ)ཞིབ་གསེས་བྱས་པའི་ལིང་གྲིབ་ཕོག་མཁན1736ལ་སྨན་ཡོན་མི་དགོས་པའི་གཤགས་བཅོས་བྱས།(དེའི་ནང་ཟླ་བ10པར300ལ་སྨན་བཅོས་བྱས་པ)ལོ་འཁོར་དམིགས་ཡུལ་གྱི་བརྒྱ་ཆ173.60གྲུབ།ཐུམ་འབུའི་ནད་ཕོག་མཁན་ཁྲི21.94ལ་ཞིབ་གསེས་བྱས་ཤིང་(དེའི་ནང་ཟླ་བ10པར་མི་ཁྲི5.89ཞིབ་གསེས་བྱས་པ།)ལོ་འཁོར་དམིགས་ཡུལ་གྱི་བརྒྱ་ཆ137.13གྲུབ།ཐུམ་འབུའི་ནད་ཕོག་མཁན་མི་ཁྲི1.29ལ་སྨན་ཡོན་མི་དགོས་པའི་སྨན་བཅོས་བྱས་ཤིང་།(དེའི་ནང་ཟླ་བ10པར་མི89ལ་སྨན་བཅོས་བྱས།)ལོ་འཁོར་དམིགས་ཡུལ་གྱི་བརྒྱ་ཆ110.73གྲུབ་པ་རེད།ཐུམ་འབུའི་ནད་ཕོག་མཁན139ལ་གཤགས་བཅོས་བྱས་ཤིང་།(དེའི་ནང་ཟླ་བ10པར་མི59ལ་སྨན་བཅོས་བྱས)ལོ་འཁོར་དམིགས་ཡུལ་གྱི་བརྒྱ་ཆ86.88གྲུབ་པ་རེད།ཞིང་སྡེའི་སྦྲུམ་མ་དང་ཕྲུ་གུ་སྐྱེ་གྲབས་ཡོད་པའི་བུད་མེད8931ལ་སྨན་ཡོན་མི་དགོས་པར་ལོ་སྐྱུར་སྨན་ཁ་སྣོན་བྱས་ནས་ལོ་འཁོར་དམིགས་ཡུལ་གྱི་བརྒྱ་ཆ99.23གྲུབ།ཞིང་སྡེའི་སྦྲུམ་མ4600ལ་སྨན་ཁང་ནང་བསྡད་ནས་ཕྲུ་གུ་སྐྱེ་བའི་ཁ་གསབ་རོགས་དངུལ་སྒོར་ཁྲི258.08བཏང་བ་རེད།

རིག་གནས་མཉམ་སྤྱོད་བྱ་སྤྱོད།ཤང་དང་གྲོང་རྡལ་གྱི་ཕྱོགས་བསྡུས་རིག་གནས་ས་ཚུགས20ལ་སྡེབ་སྐྱེལ་སྒྲ་དབྱངས་ཀྱི་རྩིས་འཁོར་སོགས་ཀྱི་སྒྲིག་ཆས་བསྐྱལ་ཞིང་།ལོ་འཁོར་དམིགས་ཡུལ་གྱི་བརྒྱ་ཆ100གྲུབ།གྲོང་ཚོ་རིམ་པ347ཀྱི་ཞིང་པའི་ལུས་སྦྱོང་ཐང་འཛུགས་སྐྲུན་བྱས་ཚར་ཞིང་།དམིགས་ཡུལ་གྱི་བརྒྱ་ཆ100གྲུབ།འབྲོག་པའི་གཞིས་ཆགས་ས15ཡི་ལུས་རྩལ་སྒྲིག་ཆས་འཛུགས་སྐྲུན་བྱས་ཚར་ཞིང་།ལོ་འཁོར་དམིགས་ཡུལ་གྱི་བརྒྱ་ཆ100གྲུབ། གྲོང་ཚོ་ཀུན་ལ་ཐད་གཏོང་འཁོར་སྐར་སྒྲིག་ཆས་3500གཏོང་སྤྲོད་སྒྲིག་སྦྱོར་བྱས་ཤིང་།ལོ་འཁོར་དམིགས་ཡུལ་གྱི་བརྒྱ་ཆ140གྲུབ།འགུལ་སྐྱོད་ཨང་གྲངས་ཅན་གྱི་གློག་བརྙན་གཏོང་ཡས་ཀྱི་སྒྲིག་ཆས་52སྡེབ་སྒྲིག་བྱས་ཤིང་།ལོ་འཁོར་དམིགས་ཡུལ་གྱི་བརྒྱ་ཆ89.66གྲུབ་པ་རེད།

ཞིང་སྡེའི་འཐུང་ཆུའི་བྱ་སྤྱོད།རང་བབ་འཐུང་ཆུའི་ལས་གྲྭ422གསར་སྐྲུན་བྱས་ཤིང་།(དེའི་ནང་ཟླ་བ10པར89གསར་སྐྲུན་བྱས།)ཁྲོན་པའི་ལས་གྲྭ96བརྐོས་ནས་མི87940ལ(དེའི་ནང་ཟླ་བ10པར་མི16701ལ་འཐུང་ཆུ་ཐག་གཅོད་བྱས།)ཉེན་མེད་འཐུང་ཆུའི་གནད་དོན་ཐག་གཅོད་བྱས་ཤིང་།ལོ་འཁོར་དམིགས་ཡུལ་གྱི་བརྒྱ་ཆ87.94གྲུབ།

མཐའ་འཁོབ་གློག་སྤྱོད་བྱ་སྤྱོད།ལས་གྲྭ56བདེ་བླག་ངང་སྤེལ་བ།གློག་སྟོང་ཝ35ལྡན་པའི་སྐུད་ལམ་སྤྱི་ལེ295བྲེས་པ།(དེའི་ནང་ཟླ་བ10པར་སྤྱི་ལེ6བྲེས་པ།)གློག་སྟོང་ཝ10ལྡན་པའི་སྐུད་ལམ་སྤྱི་ལེ1003བྲེས་པ།(དེའི་ནང་ཟླ་བ10པར་སྐུད་ལམ་སྤྱི་ལེ71བྲེས།)དམའ་གནོན་སྐུད་ལམ་སྤྱི་ལེ1064གྲུབ་ཅིང་།(དེའི་ནང་ཟླ་བ10པར་སྤྱི་ལེ49བྲེས་པ)ལས་གྲྭ་གྲུབ་ཚད་ཀྱི་སྤུས་ཀ་བརྒྱ་ཆ94གྲུབ་པ་རེད།

འགྲིམ་འགྲུལ་དམངས་ཕན་བྱ་སྤྱོད།ཤང་བགྲོད་སྣུམ་སྙིགས་གཞུང་ལམ་ལམ་ངོས་སྤྱི་ལེ163.60བཏིང་ཞིང་།(དེའི་ནང་ཟླ་བ10པར་སྤྱི་ལེ48.80བཟོས།)ལོ་འཁོར་དམིགས་ཡུལ་གྱི་བརྒྱ་ཆ123.01གྲུབ།ཤང་བགྲོད་སྣུམ་སྙིགས་གཞུང་ལམ་སྤྱི་ལེ167ལས་འགོ་ཚུགས་ནས་འཛུགས་སྐྲུན་བྱེད་པ་དང་།(དེའི་ནང་ཟླ་བ10པར་སྤྱི་ལེ167ལས་འགོ་ཚུགས།)ལོ་འཁོར་དམིགས་ཡུལ་གྱི་བརྒྱ་ཆ100གྲུབ།གྲོང་བགྲོད་གཞུང་ལམ་སྤྱི་ལེ248.10བསྐྲུན་ཞིང་།(དེའི་ནང་ཟླ་བ10པར་སྤྱི་ལེ་38.80བསྐྲུན།)ལོ་འཁོར་དམིགས་ཡུལ་གྱི་བརྒྱ་ཆ137.02གྲུབ།གྲོང་བགྲོད་གཞུང་ལམ་སྤྱི་ལེ210ལས་འགོ་བཙུགས་ཤིང་།(དེའི་ནང་ཟླ་བ10པར་སྤྱི་ལེ210གྲུབ)ལོ་འཁོར་དམིགས་ཡུལ་གྱི་བརྒྱ་ཆ65.62གྲུབ།ཟམ་པ7བཟོས་ཤིང་ལོ་འཁོར་དམིགས་ཡུལ་གྱི་བརྒྱ་ཆ175གྲུབ།ཤང་གྲོང་གི་འགྲུལ་བཞུད་རླངས་འཁོར་ས་ཚུགས22བསྐྲུན་ཞིང་།ལོ་འཁོར་དམིགས་ཡུལ་གྱི་བརྒྱ་ཆ115.80གྲུབ།ཤང་གྲོང28ཀྱི་འགྲུལ་བཞུད་རླངས་འཁོར་ས་ཚུགས་ལས་འགོ་ཚུགས་ཤིང་།(དེའི་ནང་ཟླ་བ10པར2ལས་འགོ་ཚུགས)ལོ་འཁོར་དམིགས་ཡུལ་གྱི་བརྒྱ་ཆ88.60གྲུབ།ཤང་དང་གྲོང་རྡལ་26ལ་འགྲུལ་བཞུད་རླངས་འཁོར་ཤར་གཏོང་བྱེད་འགོ་ཚུགས་ཤིང་།ལོ་འཁོར་དམིགས་ཡུལ་གྱི་བརྒྱ་ཆ162.50གྲུབ།གྲོང་སྡེ་60ལ་འགྲུལ་བཞུད་རླངས་འཁོར་ཤར་གཏོང་བྱེད་འགོ་ཚུགས་ཤིང་།ལོ་འཁོར་དམིགས་ཡུལ་གྱི་བརྒྱ་ཆ193.50གྲུབ་པ་རེད།

གྲོང་གསར་དཔེ་སྟོན་བྱ་སྤྱོད།གྲོང་ཚོ་གསར་པ120བསྐྲུན་ཞིང་།ལོ་འཁོར་དམིགས་ཡུལ་གྱི་བརྒྱ་ཆ82.08གྲུབ།དུད་ཚང11302ལ་ཞིང་པའི་སྡོད་ཁང་གསར་རྒྱག་དང་བསྒྱུར་བཀོད་བྱས་ཤིང་།(དེའི་ནང་ཟླ་བ10པར་དུད་ཚང2939གྲུབ།)ལོ་འཁོར་དམིགས་ཡུལ་གྱི་བརྒྱ་ཆ83.77གྲུབ་པ་རེད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག