མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

དཀར་མཛེས་ཁུལ་དམངས་ཆེན་རྒྱུན་ཨུས་ལམ་ལུགས་གསུམ་སྤེལ་ནས་མང་ཚོགས་ལས་ཀ་ཟབ་སྤེལ་བཏང་།

  ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན།  2013-11-20 10:23

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར།ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་ལས་ཁུངས་ཀྱིས་ལམ་ལུགས་སྣ་གསུམ་སྤེལ་ནས་མང་ཚོགས་ལས་ཀ་ཟབ་སྤེལ་ཤུགས་སྣོན་བྱེད་པར་ཁག་ཐེག་བྱས་པ་རེད།

དུས་ཐོག་སྙན་སེང་ཞུས་པའི་ལམ་ལུགས། གཉེན་ཉེ་ཐུག་སར་འགྲོ་མཁན་གྱི་ཡན་ལག་རུ་ཁག་ཆུང་བ་ཚོས་ཐེངས་རེའི་ལས་ཀའི་མཇུག་རྫོགས་རྗེས་ངེས་པར་དུ་ལས་ཁུངས་ཀྱི་ལས་བྱེད་པ་དང་ལས་བཟོ་ཚོགས་ཆེན་ཐོག་ལས་ཀ་སྤེལ་ཚུལ་དང་། མང་ཚོགས་ཀྱི་ཞུ་གཏུག་གནད་དོན་ལ་རྒྱུས་ལོན་བྱས་ཚུལ། རྗེས་མའི་ལས་ཀའི་བསམ་འཆར་བཅས་ཕྱོགས་བསྡོམས་བྱེད་དགོས་པར་གཏན་འབེབས་བྱས་ནས་ལས་དོན་ལྟ་སྐུལ་དང་བསམ་ཚུལ་བརྗེ་རེས། དམངས་འཚོ་རྒྱུས་ལོན་བྱས་པ་རེད།

དུས་ཐོག་ཕྱོགས་བསྡོམས་ལམ་ལུགས། ཟླ་རེའི་ཚེས19སྔོན་དུ་ལས་བྱེད་པ་དང་ལས་བཟོའི་ཚོགས་འདུ་འཚོགས་ནས་གཙོ་བོར་རྒྱུན་ཨུའི་ལྷན་ཚོགས་ཀྱི་འགོ་ཁྲིད་དང་། རྒྱུན་ཨུ་ལྷན་ཚོགས་ཀྱི་ཆེད་ལས་ལས་དོན་ཨུ་ལྷན། ལས་ཁུངས་ལས་བྱེད་དང་ལས་བཟོ་སྒེར་གྱིས་མང་ཚོགས་ལས་ཀའི་བྱེད་སྒོ་ཆེན་པོ་དྲུག་སྤེལ་བའི་གནས་ཚུལ་ཆེད་དུ་ངོ་སྤྲོད་དང་ཕྱོགས་བསྡོམས་བྱེད་དགོས་པར་གཏན་འབེབས་བྱས་ཏེ་ཆ་འཕྲིན་ཁྱབ་བརྡ་བཏང་ཞིང་ལས་ཁུངས་ཀྱི་མང་ཚོགས་ལས་ཀ་ལས་མཁན་ཡོད་པ་དང་། དོ་དམ་བྱེད་མཁན་ཡོད་པ། ཧ་གོ་མཁན་ཡོད་པ། སྙན་སེང་བྱེད་མཁན་ཡོད་པ་བཅས་ཡོང་བར་ཁག་ཐེག་བྱས་པ་རེད།

དུས་ཐོག་ཆ་འཕྲིན་ཕྱིར་ལྡོག་ལམ་ལུགས། གཉེན་ཉེ་ཆ་སྒྲིག་བྱེད་མཁན་གྱི་ཡན་ལག་རུ་ཁག་རྣམས་ལ་ཐེངས་རེའི་ལས་ཀ་མཇུག་བསྒྲིལ་རྗེས་ངེས་པར་དུ་ཡིག་ཐོག་གི་སྙན་སེང་ཡིག་ཆ་བཟོས་ནས་ལས་ཁུངས་ཀྱི་མང་ཚོགས་ལས་དོན་གཞུང་ལས་ཁང་དུ་སྤྲད་ནས་ཉར་ཚགས་བྱེད་དགོས་པར་གཏན་འབེབས་བྱས་ཤིང་། དུས་མཚུངས་སུ་ཡིག་ངོས་ཀྱི་སྙན་སེང་ཡིག་ཆ་ཆ་སྒྲིག་བྱེད་པའི་སྡེ་དགེ་རྫོང་གི་ལྕང་ར་ཤང་ལ་ཕྱིར་ལྡོག་བྱས་ནས་དངོས་ཡོད་གནས་ཚུལ་དང་མང་ཚོགས་ཀྱི་ཞུས་གཏུག་སོགས་ཀྱི་གནས་ཚུལ་གོ་རུ་བཅུག་ཅིང་། མང་ཚོགས་ལས་ཀ་མཐུན་སྦྱོར་རམ་འདེགས་ཡོང་བ་དང་། གཞི་རིམ་མང་ཚོགས་ཀྱི་ཞུ་གཏུག་དོན་འཁྱོལ་དངོས་སུ་བྱུང་བར་ཕན་འབྲས་ཆེན་པོ་ཐོབ་པ་རེད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག