མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

དཀར་མཛེས་ཁུལ་ཡོངས་ཀྱི་ཚོང་འགུགས་དངུལ་འདྲེན་རྣམ་གྲངས141ལག་བསྟར་བྱས།

  ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན།  2013-11-18 10:47

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་སྤྱི་ཟླ1པ་ནས9པའི་བར་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཡོངས་ཀྱི་ཁྱོན་བསྡོམས་ཚོང་འགུགས་དངུལ་འདྲེན་རྣམ་གྲངས་ལག་བསྟར་བྱས་པ་དེའི་ནང་སྦྲེལ་མཐུད་འཛུགས་སྐྲུན་གྱི་རྣམ་གྲངས126ཡོད་པ་དང་གསར་དུ་འཛུགས་སྐྲུན་བྱེད་པའི་རྣམ་གྲངས15ཡོད་པ་རེད།ཟླ་བ8པའི་ཚེས31ཉིན།ཁྱོན་བསྡོམས་རྣམ་གྲངས125ལས་འགོ་ཚུགས་ཤིང་།མ་དངུལ་སྒོར་དུང་ཕྱུར109.95ལག་ཐོག་འབྱོར་ནས་ཁུལ་གྱི་དམིགས་ཡུལ་ལས་འགན་གྱི་བརྒྱ་ཆ103.85གྲུབ་པ་རེད།དེའི་ནང་རྒྱལ་ཁབ་ཕྱི་ནང་དང་ཞིང་ཆེན་ཕྱི་རོལ་གྱི་ཚོང་འགུགས་དངུལ་འདྲེན་གྱི་རྣམ་གྲངས34ལག་བསྟར་བྱས་ཤིང་།མ་དངུལ་སྒོར་དུང་ཕྱུར70.12དངོས་སུ་ལག་ཐོག་འབྱོར་བས།ཞིང་ཆེན་གྱི་དམིགས་ཡུལ་ལས་འགན་གྱི་བརྒྱ་ཆ་87.65གྲུབ་པ་རེད།

མ་དངུལ་གྱི་འབྱུང་ཁུངས་ལ་བལྟས་ན་ཞིང་ཆེན་ཕྱི་ཕྱོགས་ནས་མ་འཇོག་བྱ་རྒྱུ་གཙོ་ཤུགས་ཆེ་ཞིང་མ་འཇོག་ཐོན་ལས་ཀྱི་ཆ་ནས་བལྟས་ན་གཙོ་བོར་ནུས་ཁུངས་ཀྱི་རིགས་འདུས་པ་དང་། མ་འཇོག་ས་ཁོངས་ཀྱི་ཐད་ནས་བལྟས་ན་གཙོ་བོར་དར་མདོའི་ཤར་རྒྱུད་དང་ལྷོ་རྒྱུད་དུ་གནས་པ་རེད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག