མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

དར་མདོ་རྫོང་ལི་ཆུའི་ཆུ་འདྲེན་ཨར་ལས་ད་ལོའི་ནང་ཚུན་ལ་ལས་འགོ་འཛུགས་རྒྱུ།

རྩོམ་པ་པོ། རྡོ་རྗེ་ཚེ་རིང་གིས་བསྒྱུར།  ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན།  2013-11-18 10:47

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།ཉེ་ཆར།གསར་འགྱུར་འགོད་པས་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དར་མདོ་རྫོང་ཆུ་དོན་ཅུས་ནས་གནས་ཚུལ་ཤེས་རྟོགས་བྱུང་དོན། ལི་ཆུའི་ཆུ་འདྲེན་ཨར་ལས་ད་ལོའི་ནང་ཚུན་ལ་ལས་འགོ་འཛུགས་རྒྱུ་རེད། མ་དངུལ་སྒོར་དུང་ཕྱུར3.8724ཡི་ཕྱོགས་བསྡུས་ཆུ་བེད་ཨར་ལས་འདི་འཛུགས་སྐྲུན་གྲུབ་རྗེས། གཞི་རྩའི་ཐོག་ནས་སགནས་དེ་གའི་མང་ཚོགས་ཁྲི2ལྷག་གི་འཐུང་ཆུ་གནད་དོན་དང་ས་ཞིང་མུའུ་ཁྲི7ལྷག་ལ་ཆུ་འདྲེན་བྱེད་པའི་གནད་དོན་ཐག་གཅོད་བྱེད་ཐུབ་པ་རེད།

ལི་ཆུའི་ཆུ་འདྲེན་བྱེད་ཡུལ་དར་མདོའི་རྫོང་གི་ར་རྔ་ཁ་དང་། ཝ་ཁྲལ་ཤང་། འགག་པ་ཤང་། ལྕ་གད་ཤང་། བོན་པོ་གཤིས་བཅས་ཤང5ཡི་གྲོང་སྡེ32དང་ ། ཞིང་འབྲོག་དུད་ཁྱིམ་3400ལ་འབྲེལ་བ་ཡོད།

སྒྲིག་འགོད་ཀྱི་ནང་དུ་ཆུ་ལེན་འགག་རྩ་དང་ཆུ་རྐ་ཨར་ལས6འདུས་ཤིང་། དེའི་ནང་དུ་ཆུ་རྐའི་རིང་ཚད་སྤྱི་ལེ121ཡོད་ཅིང་གློག་འདོན་ཚད་སྟོང་ཝ1260KMཡིན་པའི་ཆུ་གློག་ས་ཚུགས་ཤིག་བཙུགས་ཐུབ་ཅིང་ཆུ་འདྲེན་རྒྱ་ཁྱོན་མུའུ་ཁྲི7.86ཡིན་པ་རེད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག