མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

མའོ་རྫོང་དུ་ཁུལ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་མིང་ཐོ19གསར་སྣོན་བྱུང་བ།

རྩོམ་པ་པོ། ཕག་གྲུབ་ཀྱིས་བསྒྱུར།  ཡོང་ཁུངས། རྔ་བ་གསར་འགྱུར་དྲ་བ།  2013-11-14 10:23

  ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་ཁྱབ་བསྒྲགས་བྱས་པའི་སྐོར་གསུམ་པའི་ཁུལ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་མིང་ཐོ་ཁྲོད། མའོ་རྫོང་གིས་ཡར་ཞུ་བྱས་པའི《ཆའང་རིགས་ཆང་གཞས》སོགས་གཟུགས་འདས་ཤུལ་བཞག་རིག་གནས་ལས་གཞི19ཚུད་པས། རྫོང་འདིར་ཁུལ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་མིང་ཐོ་ལས་གཞི76ལ་བསླེབས་ཡོད་པ་རེད།
    ཉེ་བའི་ལོ་ཤས་རིང་། རྫོང་འདིས་གཟབ་ནན་སྒོས“སྲུང་སྐྱོབ་གཙིགས་འཛིན་དང་མྱུར་སྐྱོབ་དང་པོ།ལུགས་མཐུན་བེད་སྤྱོད་དང་རྒྱུན་འཛིན་དར་སྤེལ”བཅས་ཀྱི་བྱ་བའི་བྱེད་སྟངས་དོན་འཁྱོལ་མཐར་ཕྱིན་བྱས་པས། རྒྱལ་ཁབ་དང་ཞིང་ཆེན། ཁུལ་དང་རྫོང་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་མིང་ཐོ་མ་ལག་འཛུགས་སྐྲུན་མུ་རུ་འཐུས་ཚང་དུ་བཏང་བ་དང་། རྫོང་འདིའི་གཟུགས་འདས་ཤུལ་བཞག་རིག་གནས་མིང་ཐོ་སྲུང་སྐྱོབ་དང་རྒྱུན་འཛིན། དེ་མིན་དོ་དམ་བཅས་ཀྱི་བྱ་བ་ཁྱོན་ཡོངས་ནས་གོང་སྤེལ་སྐུལ་འདེད་བྱས།

མིག་སྔའི་བར་དུ། རྫོང་འདིར་རྫོང་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་མིང་ཐོ་ལས་གཞི200དང་ཁུལ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་མིང་ཐོ་ལས་གཞི76། ཞིང་ཆེན་རིམ་པའི་མིང་ཐོ་ལས་གཞི11། རྒྱལ་ཁབ་རིམ་པའི་མིང་ཐོ་ལས་གཞི5། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མིང་ཐོ་ལས་གཞི1བཅས་ཡོད་པ་རེད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག