མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

ཉག་རོང་རྫོང་གིས་མཆིན་པའི་ཐུམ་འབུའི་ནད་ཀྱི་བྱུང་དཔེ་གཙང་བཤེར་ཡག་པོ་བྱས།

རྩོམ་པ་པོ། དབྱངས་ཅན་གྱིས་བསྒྱུར།  ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན།  2013-11-13 10:50

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་བ9པའི་ཚེས9ཉིན་ནས་ཚེས26ཉིན་གྱི་བར་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཉག་རོང་རྫོང་འཆར་ལྡན་བུ་བཙའི་ཁྲིད་སྟོན་ས་ཚུགས་ཀྱིས་རྫོང་ཡོངས་ཀྱི་ལས་གནས་སུ་ཡོད་པའི་གཞུང་ཞབས་པ་དང་།ཁེ་ལས་དོན་ལས་མི་སྣ།བོད་ལ་རོགས་སྐྱོར་བྱེད་མཁན་ལས་བྱེད་པའི་ཤེས་ལྡན་མི་སྣ།གྲོང་ཚོའི་ལས་བྱེད་པ།གྲོང་ཚོ་རེའི་སློབ་གྲྭ་ཆེ་ཁག་ནས་སློབ་མཐར་ཕྱིན་པའི་ལས་བྱེད་པ་རེ་དང་།ཡན་ལག་གསུམ་གྱི་རོགས་སྐྱོར་དཔུང་སྡེ་གཅིག་གི་དང་བླངས་པ།ཞིང་སྡེའི་འོས་འགན་སློབ་གསོའི་དུས་རིམ་དུ་ལས་གནས་འགན་འཁྲིའི་དགེ་རྒན་སོགས་ཀྱི་ལས་བྱེད་པ་ལ་དམིགས་བསལ་དུ་ཐུམ་འབུའི་ནད་གཙང་བཤེར་བྱེད་པའི་ལས་ཀ་སྤེལ་བ་རེད།

ཐེངས་འདིའི་གཙང་བཤེར་བྱེད་སྒོའི་ནང་རྫོང་དེའི་འཆར་ལྡན་བུ་བཙའི་ཁྲིད་སྟོན་ས་ཚུགས་ཀྱི་སྨན་བཅོས་མི་སྣསBསྒྲ་འདས་ནད་བརྟག་འཕྲུལ་ཆས་སོགས་ཀྱི་བྱེད་སྟངས་སྤྱད་ནས་ལས་བྱེད་པ་དང་ལས་བཟོ་ལ་ཞིབ་བཤེར་ཞིབ་ཕྲ་བྱས་པ་དང་།ཞིབ་བཤེར་བྱས་པའི་ལས་བྱེད་པ་དང་ལས་བཟོ་ལ་ཐོ་གཞུང་བཟོས་ནས།ཁྱོན་བསྡོམས་ལས་བྱེད་པ་དང་ལས་བཟོ3066ལ་ཞིབ་བཤེར་བཟོས་ནས་མཆིན་བུ་ཡོད་མཁན་མི5དང་།མཆིན་ཚིལ་ཡོད་མཁན291།འཁྲིད་རྡོ་ཡོད་མཁན17།མཁལ་མའི་ཤ་སྐྲན་ཡོད་མཁན6།འཁལ་མའི་རྡེའུ་སྐྲན་ཡོད་མཁན16སོགས་ཞིབ་བཤེར་བྱེད་ཐུབ་པ་རེད།།

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག