མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

སེར་ཤུལ་རྫོང་ཞི་ཆུས་ནས་ཁྲོམ་གཟའ་འགབ་མའི་བར་གྱི་གཞུང་ལམ་བསྐྱར་སྐྲུན་ལས་གྲྭར་ཞིབ་བཤེར་རྩིས་ལེན་བྱས།

རྩོམ་པ་པོ། ཀུན་དགས་བསྒྱུར།  ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན།  2013-11-12 11:01

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར།སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སེར་ཤུལ་རྫོང་གི་འབྲེལ་ཡོད་འགན་ཁུར་ལས་ཁུངས17དང་ཤང་དང་གྲོང་བརྡལ་གྱི་འགན་ཁུར་མི་སྣས་སྒྲིག་འཛུགས་བྱས་པའི་ཨར་ལས་ཞིབ་བཤེར་ཨུ་ལྷན་གྱིས་རྫོང་དེའི་ཞི་ཆུས་ནས་ཁྲོམ་གཟའ་འགབ་མའི་བར་གྱི་གཞུང་ལམ་བསྐྱར་སྐྲུན་རྣམ་གྲངས་ཀྱི་ཨར་ལས་སྤུས་ཚད་དང་ལས་རིགས་ཡིག་ཆ་བཅས་ལ་མུ་མཐུད་ནས་ཞིབ་བཤེར་རྩིས་ལེན་བྱས་པ་རེད།ཨར་ལས་ཞིབ་བཤེར་ཨུ་ལྷན་གྱིས་ལས་ཡུལ་དངོས་སུ་འཐེན་བཤེར་དང་དཔྱད་བསྡུར་གཏན་འབེབས།ཐོག་མའི་ཞིབ་བཤེར་བཅས་བྱས་པར་བརྒྱུད་ནས་ཨར་ལས་ཚད་མཐུན་ཡིན་པ་གཏན་འཁེལ་བྱས་པ་རེད།

ལོ་གསུམ་རིང་གི་འགྲིམ་འགྲུལ་འཛུགས་སྐྲུན་གྱི་དམིགས་འབེན་མངོན་འགྱུར་ཡོང་ཆེད་དུ་སེར་ཤུལ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་སྔ་སྣུར་ཙམ་ནས་ཐབས་ཇུས་འདིང་བ་དང་ལྟ་སྐུལ་སློབ་སྟོན་བྱས་པར་ཤུགས་སྣོན་རྒྱག་པ།ཧུར་བརྩོན་གྱིས་མཐུན་སྦྱོར་བྱས་པ།དོ་དམ་ནན་པོ་བཅས་བྱས་ནས་འགྲིམ་འགྲུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་རེད།ན་ནིང་ལོའི་ཟླ་བ6པར་ཞི་ཆུས་ནས་ཁྲོམ་གཟའ་འགབ་མའི་བར་གྱི་གཞུང་ལམ་བསྐྱར་སྐྲུན་གྱི་ཨར་ལས་འགོ་བཙུགས་པ་དང་རྣམ་གྲངས་འདི་ནི་རང་ཁུལ་གྱི“གཙོ་ལམ་གཉིས་དང་ས་ཁུལ་གསུམ།གཙོ་གནད་བཞིའི།”ལྗོངས་རྒྱུའི་སྐོར་ལམ་ཆགས་ཚུལ་ནང་གི་རྒྱལ་སྲུང་གཞུང་ལམ318ཀྱི་ལམ་ཐིག་གཙོ་བོ་ཞིག་ཡིན་ཞིང་དཀར་མཛེས་ཁུལ་བྱང་རྒྱུད་རྩྭ་ཐང་གི་རྣམ་པ་དང་མཛེས་ལྗོངས་གཙོ་བོ་དེ་གསལ་པོར་མངོན་ཐུབ་པ་རེད།གཞུང་ལམ་འདི་ནི་རིམ་པ་བཞི་པའི་གཞུང་ལམ་ལྟར་ཇུས་འགོད་བྱས་ཡོད་པ་དང་སྤྱིའི་རིང་ཚད་སྤྱི་ལེ19.8ཡོད་པ་རེད།རྣམ་གྲངས་དེ་འཛུགས་སྐྲུན་བྱས་རྗེས།རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་བགྲོད་ལམ་དཀའ་བའི་གནད་དོན་ཐག་གཅོད་བྱས་པ་དང་སྔར་ལྷག་གིས་རྫོང་དེའི་གཞུང་ལམ་རིམ་པ་ཇེ་མཐོར་གཏོང་ཐུབ་པ་རེད།དུས་མཚུངས་སུ་སྐད་གྲགས་ལྡན་པའི་སེར་ཤུལ་གྱི་དཔལ་དགེ་མ་ཎི་རྡོ་འབུམ་མཛེས་ལྗོངས་ཁུལ་གྱི་འགྲིམ་འགྲུལ་ནུས་པ་ཇེ་མཐོར་གཏོང་ཐུབ་པ་རེད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག