མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

ཧུའུ་ཁྲང་ཧྲེང་ལྕགས་ཟམ་རྫོང་གི་ཤང་དང་གྲོང་རྡལ་དུ་ཕྱིན་ནས་བརྟག་ཞིབ་གནང་།

རྩོམ་པ་པོ། ལྷ་འཛོམས་ཀྱིས་བསྒྱུར།  ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན།  2013-11-12 11:01

ཀྲུང་གོའི་བོད་ཀྱི་དྲ་བའིའཕྲིན། ཉེ་སྔོན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུའི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་སྔོན་རྗེས་སུ་ལྕགས་ཟམ་རྫོང་གི་འཕན་པ་ཤང་དང་ལ་ངན་ཤང་།ལྕགས་ཟམ་ཁ་གྲོང་རྡལ་བཅས་སུ་ཕྱིན་ནས་མང་ཚོགས་ལས་ཀ་སྤེལ་ཚུལ་དང་གནས་སྤོ་ཡུལ་མིའི་བཀོད་སྒྲིག གཞི་རིམ་གྱི་སྲིད་དབང་འཛུགས་སྐྲུན།ཐོན་ལས་འཕེལ་རྒྱས་སོགས་ཀྱི་ལས་ཀར་ཆེད་དམིགས་བརྟག་དཔྱད་ཞིབ་འཇུག་གནང་བ་རེད།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་སྒྲིག་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཕིང་།ཁུལ་ཨུའི་རྒྱུན་ཨུ།ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་བྱམས་བློ།ཁུལ་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རེན་གཞོན་པ་ཁྲེན་ཏེ་ཀུའེ་བཅས་ཀྱིས་བརྟག་དཔྱད་ལ་ཕེབས་རོགས་ཞུས་པ་རེད།

ལྕགས་ཟམ་རྫོང་འཕན་པ་ཤང་དང་ལྕགས་ཟམ་ཁ་གྲོང་རྡལ་གྱི་གནས་སྤོའི་ཡུལ་མི་བཀོད་སྒྲིག་བྱེད་ཚུལ་སྙན་སེང་ཞུ་བར་གསན་རྗེས།ཧུའུ་ཁྲང་ཧྲེང་གིས་ཚང་མ་ལས་གནས་དང་པོར་བྱ་བ་སྒྲུབ་པར་དཀའ་སྡུག་ཤིན་ཏུ་ཆེ།རྒྱུན་ལྡན་གྱི་ལས་ཀ་ཡག་མོ་སྒྲུབ་དགོས་པར་མ་ཚད།ད་དུང་གནས་སྤོའི་ཡུལ་མིའི་བཀོད་སྒྲིག་སོགས་ཆེད་དམིགས་ལས་ཀ་སྒྲུབ་དགོས་པས།ཚང་མས་ལས་སྒྲུབ་ཀྱི་རྣམ་འགྱུར་ཡག་མོ་ཁུར་ནས་ལས་ཀ་ཁག་ཡག་མོ་སྒྲུབ་དགོས་ཞེས་བསྟན།

ཁོང་གིས་ནན་གསུང་གནང་དོན།ཚང་མས་ངེས་པར་དུ་སྲ་བརྟན་འགྱུར་མེད་ཀྱིས་མང་ཚོགས་ལས་ཀ་ཡག་མོ་སྒྲུབ་དགོས།སྲ་བརྟན་འགྱུར་མེད་ཀྱིས་ཡུལ་མི་གནས་སྤོ་ལས་ཀ་ཡག་མོ་བསྒྲུབས་ནས་གནས་སྤོ་ཡུལ་མིར་བརྩེ་དུང་བཅངས་པ་དང་ཞབས་ཕྱི་ཞུ་བ།ལེགས་སྐྱེས་སུ་འབུལ་བ་བཅས་བྱེད་དགོས།

རྟིང་མར་ཤང་དང་གྲོང་རྡལ་སོ་སོའི་ལས་ཀར་ཚད་ལྡན་ཅན་དང་ལམ་ལུགས་ཅན་བཟོས་ཤིང་།ཤང་དང་གྲོང་རྡལ་གྱི་ལས་བྱེད་པས་ངེས་པར་དུ་དུས་རྒྱུན་དུ་གྲོང་སྡེ་རུ་ཚོ་ལ་ཕྱིན་ནས་མང་ཚོགས་ཀྱི་དགོས་མཁོ་དང་བསམ་ཚུལ་ཆ་རྒྱུས་ཟབ་མོ་བླངས་ནས་ལས་སྒྲུབ་ཀྱི་རྣམ་འགྱུར་ཡག་མོ་འཛིན་ནས་ལས་ཀ་ཁག་ཡག་མོ་བསྒྲུབས་ནས་མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་བདེ་སྐྱིད་ལྡན་པའི་དཀར་མཛེས་ཁུལ་གསར་པ་ཞིག་སྐྲུན་རྒྱུར་བྱས་རྗེས་འབུལ་དགོས་པའི་བླང་བྱ་བཏོན།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག