མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

གསེར་ཐར་རྫོང་གིས་ཐུམ་འབུའི་ནད་ཕོག་མཁན་གཙང་བཤེར་བྱས།

  ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན།  2013-11-12 11:01

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། 2005ལོ་ནས་བཟུང་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གསེར་ཐར་རྫོང་གིས་ཀྲུང་དབྱང་དང་ཞིང་ཆེན་གྱི་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་བྱེད་པའི་ཚོད་ལྟའི་རྣམ་གྲངས་ལག་བསྟར་བྱས་པ་དང་།རྫོང་དེའི་རིམས་ནད་ཚོད་འཛིན་ལྟེ་གནས་ཀྱིས་མི་སྣ4སྐོང་འཐེན་བྱས་ནས་ཐུམ་འབུའི་ནད་ཀྱི་ཡོངས་ཁྱབ་ཞིབ་བཤེར་ཚོ་ཆུང་བཙུགས་ནས་སྟབས་བདེའི་ཚོན་ཁྲ་ཅན་གྱི་སྒྲ་འདས་ནད་བརྟག་འཕྲུལ་ཆས་ཁྱེར་ནས་ལོ་རེ་བཞིན་ཤང་དང་གྲོང་རྡལ17ལ་ཕྱིན་ནས།རྒྱ་ཆེ་བའི་མང་ཚོགས་དང་ཐུམ་འབུའི་ནད་ཕོགས་མཁན་གྱི་ནད་པར་རིན་པ་མི་དགོས་ནས་ཡོངས་ཁྱབ་ཞིང་བཤེར་དང་སྨན་བཅོས་རྗེས་དེད་བྱས་པ་རེད།

ཐུམ་འབུའི་ནད་ནི་མི་ཕྱུགས་གཉིས་ཀར་ཕོག་པའི་འགོས་ནད་རང་བཞིན་གྱི་ཞོར་སྐྱེས་སྲིན་འབུའི་ནད་ཞིག་ཡིན།གསོ་རིག་ཐོག་ནད་དེར་འབུ་སྲིན་གྱི་འབྲས་སྐྲན་ནད་ཟེར་བ་རེད།ནད་རྟགས་མི་མངོན་པའི་དུས་ཡུན་ལོ3ནས5བར་ཡང་ན་དུས་ཡུན་དེ་ལས་རིང་ཙམ་དགོས་ཀྱི་རེད།ནད་དེར་ནད་ཐོག་སྨན་བཅོས་བྱེད་སྐབས་ནད་པས་སྡུག་བསྔལ་ཚད་མེད་མྱོང་དགོས་པ་དང་ཕལ་ཆེར་རྩྭ་ཆུ་དེད་ནས་འཚོ་བ་རོལ་དགོས་པའི་འབྲོག་ཁུལ་དུ་བྱུང་མང་བ་རེད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག