མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

ཀྲུང་དབྱང་བརྙན་འཕྲིན་གྱི་སྒྲ་བརྙན་བརྒྱུད་ལམ་གཉེར་མཁན་སྡེ་དགེར་ཕྱིན།

རྩོམ་པ་པོ། དབྱངས་ཅན་གྱིས་བསྒྱུར།  ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན།  2013-11-11 10:47

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར།ཀྲུང་དབྱང་བརྙན་འཕྲིན་ཁང་གི་གློག་བརྙན་བརྒྱུད་ལམ་ཐོག་ཐེངས་དང་པོར《གློག་བརྙན་ལ་དགའ》ཞེས་པའི་སྐྱེལ་སྦྱོང་བྱ་སྤྱོད་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རུ་ཕྱིན་པའི་ལེ་ཚན་བཏང་བ་རེད།སྐར་མ37གྱི་ལེ་ཚན་ཐོག་སྡེ་དགེ་ཁམས་པའི་རིག་གནས་ཀྱི་ལྟེ་གནས་དང་གླིང་རྗེ་གེ་སར་རྒྱལ་པོའི་ཕ་ཡུལ་བྱས་པའི་འཛམ་གླིང་ཐོག་སྐད་གྲགས་ལྡན་པའི་རིག་གནས་མིང་བྱང་དེ་གཉིས་ཀྱི་ཡིད་དབང་འཕྲོག་ཤུགས་མཚོན་ཡོད་པ་དང་ཆབས་ཅིག གློག་བརྙན་བརྒྱུད་ལམ་དང་སྤྱི་ཚོགས་ལས་རིགས་ཁག་གིས་དབུལ་ཕོངས་ས་ཁུལ་ལ་དོ་ཁུར་བྱེད་པ་དང་གཅེས་སེམས་བཅངས་པ་མཚོན་ཡོད།

དུས་ཡུན་མི་རིང་བའི་སྔོན།གློག་བརྙན་བརྒྱུད་ལམ《གློག་བརྙན་ལ་དགའ་བ》སྐྱེལ་སྦྱོང་བྱ་སྤྱོད་ཀྱི་ཚན་བྱང་ཚོ་ཆུང་དང་ལྷན་ཕེབས་བཅས་རྫོང་དེའི་དགོན་ཆེན་གྲོང་རྡལ་དང་ཡིད་ལྷུང་ཤང་གི་ལྟེ་བའི་སློབ་གྲྭ་རུ་ཕྱིན་ནས་ཡུལ་དེ་གའི་མི་སེར་དང་མཉམ་སྤྲོ་གཏོང་བར་མ་ཟད།ཀྲུང་གོའི་དབུལ་སྐྱོར་ཐེབས་རྩ་ཚོགས་པ་དང་གློག་བརྙན་བརྒྱུད་ལམ་མཉམ་འབྲེལ་བྱས་ནས་ཡུལ་དེ་གའི་ཕྲུ་གུ་རྣམས་ལ་གཅེས་སེམས་མཚོན་པའི་འབོག་ཐུམ་6000བྱིན་པ་རེད།

སྐད་གྲགས་ལྡན་པའི་གླུ་པ་ཀུའུ་ལི་ཡ་དང་གློག་བརྙན་འཁྲབ་མཁན་ལོ་ཆུང་གྲངས་ཅན་ཞའོ་ཏིང་ཏང་སོགས་ཀྱིས་ཡུལ་དེ་གའི་ཡུལ་མི་སྤུན་ཟླ་རྣམས་ལ་ཡིད་དབང་འཕྲོག་པའི་འཁྲབ་སྟོན་ལེན་ཚན་ཕུལ་ནས་ཡིད་དབང་འཕྲོག་པའི་རོལ་དབྱངས་ཀྱི་འགྱུར་ཁུག་དང་བཀྲ་ཤིས་པའི་སྨོན་འདུན་བཟང་པོ་སྡེ་དགེའི་མང་ཚོགས་ལ་ཕུལ་བ་རེད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག