མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

ལྕགས་ཟམ་རྫོང་གིས་ཁོངས་ཡོངས་ཅན་གྱི་ལྗོངས་རྒྱུ་འཛུགས་སྐྲུན་ལ་སྐུལ་སྤེལ་ཏན་ཏིག་བྱས།

རྩོམ་པ་པོ། དབྱངས་ཅན་གྱིས་བསྒྱུར།  ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན།  2013-11-05 15:26

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལྕགས་ཟམ་རྫོང་གིས་ལྗོངས་རྒྱུ་ཐོན་ཁུངས་དང་ལྗོངས་རྒྱུ་ལས་ཀ་འཕེལ་རྒྱས་གཏོང་བའི་དོན་དངོས་ལ་དམིགས་ནས། རྫོང་ཨུ་དང་རྫོང་སྲིད་གཞུང་གི་ཞིང་ལས་བཟང་སྒྲུབ་དང་བཟོ་ལས་དར་སྤེལ་གཏོང་རྒྱུ།ལྗོངས་རྒྱུ་ལས་རིགས་ཤུགས་ཆེན་སྤེལ་རྒྱུ་སྐོར་གྱི་བླང་བྱ་དང་ཟུང་འབྲེལ་བྱས་ཏེ་ཆེད་དོན་བརྟག་ཞིབ་ཚོ་ཆུང་བཙུགས་པར་བརྟེན།རྫོང་དེས་གང་འདྲ་བྱས་ནས་ལྗོངས་རྒྱུའི་སྤུས་དག་ཐོན་རྫས་སྐྲུན་པ་དང་ལྗོངས་རྒྱུའི་ཐོན་ལས་དར་སྤེལ་གཏོང་རྒྱུའི་ཐད་ཉིན3རིང་ལ་བརྟག་དཔྱད་ཞིབ་འཇུག་བྱས་མཐར། སྔར་ལྷག་གིས་རྫོང་དེའི་ལྗོངས་རྒྱུ་ཐོན་ཁུངས་ལ་ཡང་དུ་ངོས་འཛིན་དང་གསལ་པོ་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིར་ལྕགས་ཟམ་རྫོང་གིས་བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ་དེ་ཁོངས་ཡོངས་ཅན་གྱི་ལྗོངས་རྒྱུ་འཐབ་ཇུས་ལ་དམ་པོ་དམིགས་ནས་ཁོངས་ཡོངས་ཅན་གྱི་ལྗོངས་རྒྱུ་འདི་དབུལ་སྐྱོར་འགག་སྒྲོལ། གནས་སྤོ་ཡུལ་མི་བཀོད་སྒྲིག རྣམ་པ་གསར་པའི་གྲོང་ཁུལ་དང་གྲོང་རྡལ་ཅན། ཞིང་སྡེ་གསར་པ་འཛུགས་སྐྲུན།འགྲིམ་འགྲུལ་གཏོར་བརྒལ་བཅས་ཕྱོགས་ལྔ་དང་ཟུང་འབྲེལ་བྱ་རྒྱུའི་བྱེད་ཕྱོགས་ལྟར། གསར་བརྗེའི་གནས་གཞི་རྙིང་པའི་ལྗོངས་རྒྱུ་དང་། སྐྱེ་ཁམས་ལྗོངས་རྒྱུ། ཤང་དང་གྲོང་ཚོའི་ལྗོངས་རྒྱུ་བཅས་ཀྱི་ལས་ཀ་ཆེན་པོ་གསུམ་ལ་དམིགས་ཏེ་གཙོ་གནད་དུ་རྒྱལ་སྲུང་གཞུང་ལམ318པའི་ལམ་བརྒྱུད་དང་ཞིང་ཆེན་རིམ་པའི་གཞུང་ལམ211པའི་ལམ་བརྒྱུད་གྲོང་ཚོ་དང་གྲོང་རྡལ་གྱི་རིམ་པ4ཅན་གྱི་མཛེས་ལྗོངས་ས་ཁུལ་ལ་བརྟག་དཔྱད་ཞིབ་འཇུག་བྱས་པར་མ་ཟད། ས་གནས་སོ་སོའི་འཕེལ་རྒྱས་ཀྱི་དངོས་ཡོད་གནས་ཚུལ་དང་། འབྲེལ་ཡོད་སྡེ་ཁག་གི་ཕྱིན་ཆད་ལག་བསྟར་བྱ་རྒྱུའི་རྣམ་གྲངས། མ་དངུལ་སོགས་ཀྱི་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་གཅིག་གྱུར་གྱིས་འཆར་འགོད་བྱས་པར་བརྟེན། 2014ལོར་ལྕགས་ཟམ་རྫོང་གིས་ཁོངས་ཡོངས་ཅན་གྱི་ལྗོངས་རྒྱུ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་ཁོངས་ཡོངས་ཅན་གྱི་དཔེར་སྟོནལྗོངས་རྒྱུའི་ས་ཚུགས་སྐྲུན་པར་སྔོན་འགྲོའི་ལས་ཀ་ཡག་པོ་བསྒྲུབས་པ་རེད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག