མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

སེར་ཤུལ་རྫོང་གིས་ཞིང་པ་གླ་པའི་གླ་ཕོགས་སྒོར་ཁྲི163ཚུར་ལོན།

རྩོམ་པ་པོ། དབྱངས་ཅན་གྱིས་བསྒྱུར།  ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན།  2013-11-05 15:25

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སེར་ཤུལ་རྫོང་ངལ་རྩོལ་ལྟ་སྐུལ་རུ་ཆེན་ལ་ཞིང་པ་གླ་པའི་ཐེར་འདོན་གོང་ཞུ་ཞིག་འཕྲོད་པ་སྟེ། སི་ཁྲོན་ཞིང་ཆེན་ཡིང་ཧྲན་རྫོང་ཆུ་བེད་ཆུ་གློག་བཟོ་སྐྲུན་ཀུང་སིས་རྫོང་དེའི་རྣམ་གྲངས་ཨར་ལས་ཤིག་གི་འཛུགས་སྐྲུན་བྱེད་འགན་ཁུར་ལེན་བྱེད་སྐབས་ཞིང་པ་གླ་པའི་གླ་ཕོགས་དུས་འགྱངས་ཆད་ལུས་བྱས་པ་རེད།

ཐེར་འདོན་གོང་ཞུ་ཡི་གེ་འཕྲོད་རྗེས་ངལ་རྩོལ་ལྟ་སྐུལ་རུ་ཆེན་གྱིས་མགྱོ གས་མྱུར་དུ་བྱ་འགུལ་སྤེལ་བ་དང་། བརྟག་དཔྱད་དང་ཞིབ་བསྡུར་བྱས་པར་བརྒྱུད། ཁེ་ལས་དེས་ཞིང་པ་གླ་པའི་གླ་ཕོགས་དུས་འགྱངས་ཆད་ལུས་བྱས་པའི་རྩོད་གླེང་གི་དོན་རྐྱེན་དངོས་གནས་ཡོད་པས་མ་ཚད། དུས་ཡུན་ལོ་གསུམ་རེད་ཚར་བ་དང་དོན་རྐྱེན་དེ་ཧ་ཅང་རྙོག་དྲ་ཆེ་བ་རེད། ཞིང་པ་གླ་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་ཆེད་སེར་ཤུལ་རྫོང་ངལ་རྩོལ་ལྟ་སྐུལ་རུ་ཆེན་གྱིས་དུས་ཡུན་ཟླ་བ་གཅིག་ལྷག་ལ་སྔོན་རྗེས་སུ་ཁ་པར་ཐེངས་མང་བརྒྱབ་ཏེ་འབྲེལ་བ་དང་ཐག་གཅོད་བྱས་པར་མ་ཟད།ཁེ་ལས་དེའི་གནས་ཡུལ་གྱི་ངལ་རྩོལ་ལྟ་སྐུལ་སྡེ་ཁག་ལ་ཞིབ་བཤེར་བྱེད་རོགས་ཞུ་བའི་འཕྲིན་ཡིག་བཏང་བ་རེད།

ཕྱོགས་མང་པོའི་ཐད་ནས་མཐུན་སྦྱོར་བྱས་སྟབས། བྱ་བ་དེ་དང་འབྲེལ་བའི་ཁྲིམས་བཀོད་འཐུས་ཚབ་པ་དང་། རྣམ་གྲངས་འགན་ཁུར་མི་སྣ། ཡུལ་དེའི་ངལ་རྩོལ་ལྟ་སྐུལ་སྡེ་ཁག་གི་ལས་སྒྲུབ་མི་སྣ་བཅས་དང་རྫོང་ངལ་རྩོལ་ལྟ་སྐུལ་རུ་ཆེན། རྣམ་གྲངས་བདག་པོའི་སྡེ་ཚན། རྣམ་གྲངས་མ་དངུལ་ལྟ་སྐུལ་དོ་དམ་སྡེ་ཚན་གྱི་འབྲེལ་ཡོད་མི་སྣ་དང་མཉམ་དུ་ལེགས་འགྲུབ་ངང་ཁེ་ལས་དེས་འཛུགས་སྐྲུན་བྱེད་འགན་ཁུར་ལེན་བྱས་པའི་རྣམ་གྲངས་ཀྱི་ཆད་ལུས་སུ་གྱུར་པའི་གླ་ཕོགས་ཀྱི་རྩོད་གླེང་བརྟག་དཔྱད་དང་ཐག་གཅོད་བྱས་ཏེ་དེ་དང་འབྲེལ་བའི་མ་དངུལ་ཁྱོན་བསྡོམས་སྒོར་ཁྲི163ཡོད་པ་རེད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག