མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

འབའ་ཐང་གི་ལོ་ཆུང་བྱིས་པ་རིག་རྩལ་ཚོགས་པས་པེ་ཅིན་དུ་འཁྲབ་སྟོན་བྱས།

རྩོམ་པ་པོ། ལྷ་འཛོམས་ཀྱིས་བསྒྱུར།  ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན།  2013-11-04 10:44

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ10པའི་ཚེས28ཉིན་སི་ཁྲོན་ཞིོང་ཆེན་དཀར་མཝཛེས་བོད་རིགས་རང་སྐྱོང་ཁུལ་འབའ་ཐང་རྫོང་གི་ལོ་ཆུང་བྱིས་པའི་རིག་རྩལ་ཚོགས་པའི་བྱིས་པ་ཚོ་པེ་ཅིན་ཤར་གྲོང་ས་ཁུལ་གྱི་ཧྲི་ཅ་སློབ་ཆུང་དུ་ཕྱིན་ནས་སློབ་གྲྭ་དེའི་སློབ་མ་ཚོ་དང་མཉམ་དུ་སྤེལ་རེས་འཁྲབ་སྟོན་བྱེད་སྒོ་སྤེལ་ཞིང་།འབའ་ཐང་རྫོང་གི་བྱིས་པའི་རིག་རྩལ་ཚོགས་པར་གདེང་འཇོག་ཚད་མཐོན་པོ་བྱས་པ་རེད།ཐེངས་འདིའི་སྤེལ་རེས་དང་འཁྲབ་སྟོན་བྱེད་སྒོའི་ནང་རྒྱལ་ཡོངས་ལོ་ཆུང་ལས་དོན་ཨུ་ལྷན་གྱིས་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་བྱིས་པའི་གླུ་དབྱངས་མཉམ་ལེན་ཚོགས་པ་དང་པོ་འབའ་ཐང་རྫོང་གི་དྲི་ཟའི་བྱིས་གླུ་མཉམ་ལས་ཚོགས་པ་ལ་ཕུལ་བྱུང་གི་གླུ་དབྱངས་མཉམ་ལེན་ཚོགས་པའི་མཚན་སྙན་གནང་བ་རེད།ཐེངས་འདིའི་འཁྲབ་སྟོན་སྤེལ་རེས་བྱེད་སྒོ་དེ་འབའ་ཐང་དང་པེ་ཅིན་བར་བརྩེ་སེམས་སྦྲེལ་བའི་ཏང་ལ་བཀའ་དྲིན་གཟོ་བའི་མཐུན་འབྲེལ་བྱེད་སྒོའི་ནང་གི་འཁྲབ་སྟོན་དང་གཞས་གཏོང་གཉིས་མང་ཟློས་གར་ཡིན་ལ།འབའ་ཐང་རྫོང་གི་བྱིས་པ་སྒྱུ་རྩལ་ཚོགས་པ་དེ་རྒྱལ་ཡོངས་ལོ་ཆུང་ལས་དོན་ཨུ་ལྷན་དང་རྒྱལ་ཁབ་རིག་གནས་པུའུ།རྒྱལ་ཁབ་སློབ་གསོ་པུའུ།ཀྲུང་གོ་རོལ་དབྱངས་པའི་མཐུན་ཚོགས།ཀྲུང་གོ་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་འཕེལ་རྒྱས་ལྟེ་གནས།ཀྲུང་གོའི་གླུ་དབྱངས་མཉམ་ལེན་གྱི་མཐུན་ཚོགས་བཅས་ཀྱིས་གཙོ་གཉེར་བྱེད་པའི་རྒྱལ་ཡོངས་སྐབས་གཉིས་པའི་སྐེ་རས་དམར་པོའི་གླུ་དབྱངས་ཞེས་པའི་ཕུལ་བྱུང་མཉམ་ལེན་གླུ་དབྱངས་བསྡུ་སྒྲིག་འགྲེམས་སྟོན་དང་གཞི་རིམ་ལ་སྐྱོད་པའི་ལག་གདང་སྦྲེལ་ཞིང་གཅིག་སེམས་གཅིག་ལ་མཐུན་པ་ཞེས་པའི་བྱེད་སྒོ་ཡིས་གདན་འདྲེན་ཞུས་པར་ལྟར་པེ་ཅིན་གྱི་བྱིས་པ་ཚོ་དང་མཉམ་དུ་ཏང་དང་མེས་རྒྱལ་གྱི་བཀའ་དྲིན་གཟོ་བའི་སེམས་པ་གླུ་གར་ཁྲོད་དུ་སྟོན་པ་རེད།

འཁྲབ་སྟོན་བྱེད་རིང་འབའ་ཐང་རྫོང་གི་འཁྲབ་སྟོན་པ་ཆུང་ཆུང་ཚོས་འབའ་ཐང་གི་ལྷ་མོ་ཟློས་གར་དང་འབའ་གཞས་འཁྲབ་སྟོན་བྱས་ཤིང་།ཁྱད་པར་དུ་འབའ་ཐང་རྫོང་གི་ལོ་ཆུང་བྱིས་པའི་སྒྱུ་རྩལ་ཚོགས་པའི་བྱིས་པ་ཚོའི་ཁོར་ཡུལ་སྲུང་སྐྱོང་གི་རྒྱན་གོས་འགྲེམས་སྟོན་དེ་ལ་དགའ་བསུ་ཚད་མེད་ཐོབ།རྟིང་མར་འབའ་ཐང་རྫོང་གི་དྲི་ཟའི་བྱིས་གླུ་མཉམ་ལེན་ཚོགས་པས་བོད་ཡིག་གི《ལོ་ཆུང་གདོང་ལེན་རུ་ཁག་གི་རུ་གླུ》མཉམ་ལེན་བྱེད་པར་ཚང་མས་དགའ་སྤྲོའི་ཐལ་སྒྲ་ཡང་ཡང་རྡེབ་པ་རེད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག