མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

མཛོད་དགེ་རྫོང་གིས་ཀླད་ཕྱིར་རྨས་ཕོག་པའི་ནད་པར་ཐེངས་དང་པོར་བདེ་བླག་ངང་གཤགས་བཅོས་བྱས་པ།

རྩོམ་པ་པོ། ཕག་གྲུབ་ཀྱིས་བསྒྱུར།  ཡོང་ཁུངས། རྔ་བའི་གསར་འགྱུར་དྲ་བ།  2013-11-04 10:44

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་མི་དམངས་སྨན་ཁང་གིས་ཐེངས་དང་པོར་ཀླད་ཕྱིར་རྨས་ཕོག་པའི་ནད་པར་གཤགས་བཅོས་བྱས་ཤིང་། ཀླད་ཕྱིར་རྨས་ཕོག་པའི་ནད་པ3ལ་གཡོན་པའི་མུར་གོང་རུས་ཤུབས་ཀྱི་ཁྲག་སྐྲངས་དང་ཀླད་ནང་གི་ཁྲག་སྐྲངས། ཀླད་རྒྱངས་ཀྱི་ཁྲག་སྐྲངས་བཅས་གཙང་སེལ་ཕྱིར་འབུད་དང་ཀླད་རུས་སླར་གསོ་སོགས་ཀླད་པའི་ཕྱི་ནད་ཚན་ཁག་སྐོར་བདེ་བླག་ངང་གཤགས་བཅོས་བྱས།

   རང་ཚུགས་ཐུབ་ཅིང་རྒྱུན་ལྡན་ངང་ཀླད་ཕྱིའི་ཚན་ཁག་གཤགས་བཅོས་ལག་བསྟར་བྱས་པ་དེས་ཀླད་ཕྱིར་རྨས་ཕོག་པའི་ནད་པ་ཕན་བསམ་གྱིས་མི་ཁྱབ་པ་ཐོགས་སོང་ལ། ལམ་ཐག་རིང་བརྒྱུད་ནས་ས་གཞན་དུ་བསྐྱེལ་སྐབས་ཚེ་སྲོག་ཤོར་བ་དང་མཇུག་རྐྱེན་ངན་པའི་ཉེན་ཁ་ཡོང་བ་བཅས་ཇེ་ཉུང་དུ་བཏང་ཞིང་། དུས་མཚུངས་སུ་སྨན་ཁང་གི་ཞབས་ཕྱི་ནུས་པ་སྔར་བས་མཐོར་འདེགས་སུ་བཏང་བས། ཆུ་ཚད་ངོས་ཅན་གྱི་སྟེང་ནས་ནང་པའི་ནད་སྟོན་དཀའ་བའི་གནད་དོན་ཐག་གིས་བཅད་པ་རེད།།

 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག