མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- སི་ཁྲོན།

དར་མདོ་རྫོང་གི་གྲོང་ཁུལ་གྱི་གཞུང་ལམ་བསྒྱུར་བཀོད་བྱ་རྒྱུའི་རྣམ་གྲངས་གཉིས་ཞིབ་དཔྱད་བྱས།

རྩོམ་པ་པོ། དབྱངས་ཅན་གྱིས་བསྒྱུར།  ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན།  2013-11-04 10:43

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར།ཞིང་ཆེན་ནང་གི་སྐད་གྲགས་ལྡན་པའི་ཆེད་རམས་པ5ལས་གྲུབ་པའི་དཔྱད་ཞིབ་ཚོ་ཆུང་གིས་རིགས་པས་ཁུངས་སྐྱེལ་བྱས་པར་བརྒྱུད། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དར་མདོ་རྫོང་གི་རྒྱལ་སྲུང་གཞུང་ལམ318པའི་ལམ་ཐིག་གངས་ཆུ་ཟམ་པ་ནས་ཤིང་ཆ་ཞིབ་བཤེར་ས་ཚུགས་བར་དང་། ཤིང་ཆ་ཞིབ་བཤེར་ས་ཚུགས་ནས་ལམ་ཁ་རའི་བར་གྱི་གཞུང་ལམ་བསྒྱུར་བཀོད་བྱ་རྒྱུའི་ཆོག་འཐུས་ཞིབ་འཇུག་གི་རྣམ་གྲངས་གཉིས་བདེ་བླག་ངང་ཞིབ་དཔྱད་བྱས།

རྒྱལ་སྲུང་གཞུང་ལམ318པའི་ལམ་ཐིག་གངས་ཆུ་ཟམ་པ་ནས་ཤིང་ཆ་ཞིབ་བཤེར་ས་ཚུགས་བར་གྱི་གཞུང་ལམ་བསྒྱུར་བཀོད་བྱ་རྒྱུའི་རིང་ཚད་ལ་སྤྱི་ལེ1.642ཡོད་པ་དང་། རྣམ་གྲངས་དེར་སྤྱིའི་མ་དངུལ་སྒོར་ཁྲི2809.23འགྲོ་བ། གྲོང་ཁྱེར་གྱི་གཞུང་ལམ་ཕལ་པའི་དམིགས་ཚད་ལྟར་འཛུགས་སྐྲུན་བྱས་ན་རླངས་འཁོར་གྱི་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ30ལྟར་ཇུས་འགོད་བྱ་རྒྱུ་དང་།རྒྱལ་སྲུང་གཞུང་ལམ་318པའི་ལམ་ཐིག་ཤིང་ཆ་ཞིབ་བཤེར་ས་ཚུགས་ནས་ལམ་ཁ་རའི་བར་གྱི་གཞུང་ལམ་བསྒྱུར་བཀོད་བྱེད་སའི་རིང་ཚད་ཧྲིལ་པོར་སྤྱི་ལེ481ཡོད་པ་དང་རྣམ་གྲངས་ལ་སྤྱིའི་མ་དངུལ་སྒོར་ཁྲི2946འགྲོ་བ། གྲོང་ཁྱེར་གྱི་གཞུང་ལམ་ཕལ་པའི་དམིགས་ཚད་ལྟར་འཛུགས་སྐྲུན་བྱས་ན་རླངས་འཁོར་གྱི་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ20ལྟར་ཇུས་འགོད་བྱ་རྒྱུ།

ཤེས་རྟོགས་བྱུང་བར་གཞིགས་ན། གོང་གི་རྣམ་གྲངས་དེ་གཉིས་བསྒྱུར་བཀོད་བྱས་ཟིན་རྗེས། ལམ་ངོས་ཀྱི་ཞེང་ཚད་དེ་ད་ལྟའི་སྨི་8ནས་སྨི12བར་དུ་རྒྱ་སྐྱེད་བཏང་ནས་དར་མདོ་རྫོང་གི་ལྷོ་ཕྱོགས་ས་ཁུལ་གྱི་འགྲིམ་འགྲུལ་གནོན་ཤུགས་ཆུང་དུ་ཕྱིན་ཐུབ་པས།དེ་ནི་རྫོང་དེའི་ལྗོངས་རྒྱུ་ལས་ཀ་ས་ཁོངས་ཡོངས་སུ་སྤེལ་བའི་ལས་ཀ་གལ་ཆེན་ཞིག་ཡིན།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག